ཧཱ་མེ་ནེ་དབྱི་ཡིས་དབྱི་ལིང་དམག་དཔུང་གིས་སྨན་བཅོས་འཕྲོད་བསྟེན་སྤྱི་ཁྱབ་པུའུ་བཙུགས་ནས་རིམས་ནད་ཐག་གཅོད་བྱེད་རྒྱུའི་རེ་བ་བཏོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱི་ཡིས་ཚེས་བཅུ་གཉིས་ཉིན་དབྱི་ལིང་གི་དྲག་ཆས་དམག་དཔུང་གིས་སྨན་བཅོས་འཕྲོད་བསྟེན་སྤྱི་ཁྱབ་པུའུ་བཙུགས་ཏེ། རྒྱལ་ཁབ་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་བྱ་བར་ཤུགས་སྣོན་དགོས་བཀའ་རྒྱ་བཏང་། 

ཧཱ་མེ་ནེ་དབྱི་ཡིས་ཉིན་དེར་དབྱི་ལིང་གི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པ་པཱ་ཀའེ་ལི་ལ་བཀའ་རྒྱ་བཏང་སྟེ། དབྱི་ལིང་དྲག་ཆས་དམག་དཔུང་གིས་སྨན་བཅོས་འཕྲོད་བསྟེན་སྤྱི་ཁྱབ་པུའུ་འཛུགས་དགོས་པའི་རེ་བ་བཏོན། ཧཱ་མེ་ནེ་དབྱི་ཡིས་བཤད་རྒྱུར། དབྱི་ལིང་དམག་དཔུང་གིས་རིམས་ནད་འགོག་བཅོས་བྱེད་པའི་བྱ་བ་དེ་སྨན་བཅོས་འཕྲོད་བསྟེན་སྤྱི་ཁྱབ་པུའུ་ཡི་བཀོད་འདོམ་འོག་སྤེལ་དགོས་པར་མ་ཟད། སྲིད་གཞུང་དང་འཕྲོད་བསྟེན་སྡེ་ཁག་བར་མཉམ་ལས་གང་ལེགས་བྱེད་དགོས་ཟེར། 

ཧཱ་མེ་ནེ་དབྱི་ཡིས་བཤད་རྒྱུར། སྨན་བཅོས་འཕྲོད་བསྟེན་སྤྱི་ཁྱབ་པུའུ་ཡིས་དགོས་ངེས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། གསོ་བཅོས་དང་སྨན་བཅོས་ལྟེ་གནས་གསར་དུ་ལས་པ་ལས་གཞན་ད་རུང་ནད་དུག་མཆེད་པར་ཚོད་འཛིན་བྱེད་པའི་ཐད་ནུས་པ་འདོན་སྤེལ་བྱེད་དགོས་ཟེར། 

ཧཱ་མེ་ནེ་དབྱི་ཡིས་བསྟན་དོན། སྨན་བཅོས་འཕྲོད་བསྟེན་སྤྱི་ཁྱབ་པུའུ་བཙུགས་ན་དྲག་ཆས་དམག་དཔུང་གི་སྐྱེ་དངོས་སྔོན་འགོག་འཐབ་འཁྲུག་ཐད་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཡོད་ཆོག་ཟེར། 

དབྱི་ལིང་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཉིན་དེའི་སྔ་དྲོའི་བར། དབྱི་ལིང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་དང་དོན་ལྔ་གསར་དུ་བྱུང་བ་དང་། རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་དོན་ལྔར་བསླེབ་ཡོད་ལ། དེའི་ནང་ནད་པ་བཞི་བརྒྱ་དང་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། ནད་པ་སྟོང་གསུམ་དང་ཉིས་བརྒྱ་དོན་དྲུག་དྲག་སྐྱེད་བྱུང་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།