ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་ལྔ་བརྒྱ་དང་བཅུ་གསུམ་ལ་འཕར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ཐཱ་ལེའི་དམངས་དོན་སྲུང་སྐྱོབ་སྡེ་ཁག་གི་འགན་ཁུར་བ། ཏོག་དབྱིབས་ནད་དུ་གསར་བའི་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་པ་པའོ་ལོས་ལེ་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ས་དེའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་ལྔ་བརྒྱ་དང་བཅུ་གསུམ་ལ་བསླེབ་ཡོད་ཟེར། 

ཉིན་དེའི་དགོང་མོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྔ་ཉིན་ལས་སྟོང་གཉིས་དང་དྲུག་བརྒྱ་ཞེ་དགུ་ཇེ་མང་དུ་སོང་བ་དང་། ཉིན་དེར་མི་བརྒྱ་དང་གྱ་དགུ་རྐྱེན་ལམ་དུ་ཤོར་ཡོད་ལ། རིམ་རྩིས་ཀྱིས་མི་སྟོང་གཅིག་དང་བཅུ་དྲུག་རྐྱེན་ལམ་དུ་ཤོར། ད་ལྟའི་བར་མི་སྟོང་གཅིག་དང་ཉིས་བརྒྱ་ང་བརྒྱད་དྲག་སྐྱེད་བྱུང་ཡོད། 

མཚམས་སྦྱོར་བྱས་པ་ལྟར་ན། ད་ཡོད་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁྲོད། མི་སྟོང་བདུན་དང་བརྒྱད་བརྒྱ་གསུམ་གྱིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་མི་སྟོང་གཅིག་དང་བརྒྱ་ར་ང་གསུམ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། གཞན་ཡང་མི་སྟོང་ལྔ་དང་སོ་དྲུག་རང་ཁྱིམ་དུ་བཀག་ནས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།