ཀྲུང་གོ་བོད་ཀྱི་དྲ་བ།

​རྒྱལ་སྤྱིའི་ལན་ཆིའུ་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོངས་གཏོགས་འགྲན་བསྡུར་ཚང་མ་གནས་སྐབས་མཚམས་འཇོག་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན། རྒྱལ་སྤྱིའི་ལན་ཆིའུ་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ3པའི་ཚེས13ཉིན་ནས་བཟུང་། རྒྱལ་སྤྱིའི་ལན་ཆིའུ་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོངས་གཏོགས་འགྲན་བསྡུར་ཚང་མ་གནས་སྐབས་མཚམས་འཇོག་བྱ་རྒྱུ་གསལ་བསྒྲགས་བྱས་འདུག

34fae6cd7b899e51741c54e6f5308135ca950dcb.png

གསལ་བསྒྲགས་ནང་། ད་ལྟའི་རིམས་ནད་མཆེད་པའི་གནས་ཚུལ་དང་། ལུས་རྩལ་པ། རྩལ་ཁྲིད་པ། ལས་དོན་པ། དེ་བཞིན་སྤོ་ལོ་དགའ་མོས་མཁན་བཅས་ཀྱི་བདེ་ཐང་དང་བདེ་འཇགས་ཀྱི་ཆེད་དུ2020ལོའི་ཟླ3པའི་ཚེས13ཉིན་རྒྱལ་སྤྱིའི་ལན་ཆིའུ་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་གཏོགས་འགྲན་བསྡུར་ཚང་མ་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

རྒྱལ་སྤྱིའི་ལན་ཆིའུ་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉིན་རེའི་རིམས་ནད་ཆ་འཕྲིན་ལ་མུ་མཐུད་དོ་ཁུར་དམ་ཟབ་བྱ་རྒྱུ་མ་ཟད། གནས་ཚུལ་དེར་གཞིགས་ནས་འབྲེལ་ཡོད་འགྲན་བསྡུར་སླར་གསོ་བྱུང་མིན་དཔྱད་དཔོག་བྱ་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།