ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་མཆེད་ནུས་ཆེ་བའི་ཁྱད་ཆོས་ལྡན་ཟེར།
ཐན་ཏི་སེ་ཡིས་རི་ནེ་ཝ་ནས་སྤེལ་བའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རིམས་ནད་ཀྱི་འགོ་ཚད་དང་ཚབས་ཆེན་རང་བཞིན་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད། དེ་བས་ང་ཚོས་དཔྱད་འཇོག་བྱས་པ་ལས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་མཆེད་ནུས་ཆེ་བའི་ཁྱད་ཆོས་ལྡན་པར་བསམ་ཡོད་ཟེར།
ཁོས་བཤད་རྒྱུར། ང་ཚོས་སྔོན་ཆད་ཏོག་དབྱིབས་ནད་དུག་ལས་བསྐྱེད་པའི་རིམས་ནད་ཅིག་གཏན་ནས་མཐོང་མྱོང་མེད་ལ། ང་ཚོས་སྔོན་ཆད་ཚོད་འཛིན་ཐུབ་པའི་རིམས་ནད་ཅིག་ཀྱང་མཐོང་མྱོང་མེད་ཟེར།
ཁོས་ནན་གྱིས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་དེ་མཆེད་ནུས་ཆེ་བ་ཞིག་ཏུ་བརྗོད་ཀྱང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དེའི་འཇིགས་ཉེན་ལ་དཔྱད་འཇོག་བྱས་པའི་མཇུག་འབྲས་འགྱུར་མི་སྲིད། དེས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲུབ་བཞིན་པའི་བྱ་བར་འགྱུར་ལྡོག་བཟོ་མི་སྲིད་པ་དང་། རྒྱལ་ཁབ་སོ་སོས་བསྒྲུབ་བཞིན་པའི་བྱ་བར་ཡང་འགྱུར་ལྡོག་བཟོ་མི་སྲིད་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་མཆེད་ནུས་ཆེ་བའི་ཁྱད་ཆོས་ལྡན་པའི་ཚུལ་བསྟན།