ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེའི་ཙུང་ལི་ཡིས་རྒྱལ་ཡོངས་ནས་ཟས་རིགས་དང་སྨན་རྫས་འཚོང་ཁང་མ་གཏོགས་པའི་ཚོང་ཁང་གཞན་པ་ཚང་མའི་སྒོ་བརྒྱག་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ཐཱ་ལེའི་ཙུང་ལི་ཁུང་ཐི་ཡིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། རྒྱལ་ཡོངས་ནས་ཟས་རིགས་དང་སྨན་རྫས་འཚོང་ཁང་མ་གཏོགས་པའི་ཚོང་ཁང་གཞན་པ་ཚང་མའི་སྒོ་བརྒྱབ་སྟེ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔར་ལས་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར། 

ཁུང་ཐི་ཡིས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། རྒྱལ་ཡོངས་ནས་ཟས་རིགས་དང་སྨན་རྫས་འཚོང་ཁང་མ་གཏོགས་པའི་ཚོང་ཁང་གཞན་པ་ཚང་མའི་སྒོ་བརྒྱག་རྒྱུ་ཡིན་ཡང་། སྤྱི་བའི་འགྲིམ་འགྲུལ་དང་དངོས་རྒྱུན། སྦྲགས་སྲིད། དངུལ་ཁང་། ཟས་རིགས་ཐོན་སྐྱེད་ལས་རིགས་བཅས་རྒྱུན་ལྡན་ངང་ལས་གཉེར་བྱས་ཏེ། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཞབས་ཞུར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར། 

ཁུང་ཐི་ཡིས་བསྟན་དོན། གཟའ་འཁོར་གཉིས་ཀྱི་རྗེས་སུ་ཚོད་འཛིན་བྱེད་ཐབས་ནན་མོ་སྤྱད་པ་ལས་ཐོན་པའི་ནུས་པ་མཐོང་ཐུབ་པའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།