ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་དང་ཨུ་རུ་སི་དཀར་པོའི་ཙུང་ལི་ལུའུ་མཱ་སི་གཉིས་ཀྱིས་ཚེས་བཅུ་གཅིག་ཉིན་བསྟན་དོན། མུ་མཐུད་དུ་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཨུ་རུ་སིའི་ཙུང་ལིའི་གསར་འགྱུར་ཅུའུ་ཡིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། མུས་ཧྲུའུ་སི་ཅིང་དང་ལུའུ་མཱ་སི་ཡིས་ཚེས་བཅུ་གཅིག་ཉིན་མའོ་སི་ཁི་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་དྲག་ཏུ་གཏོང་རྒྱུའི་ཚུལ་བསྟན་པ་དང་། མུ་མཐུད་དུ་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མནའ་འབྲེལ་དང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་སྒྲོམ་གཞིའི་ནང་གི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།
སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་གཅིག་གྱུར་སྒོས་བལྟས་ན། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཚོང་རྫས་དང་ཞབས་ཞུ། མ་དངུལ། ངལ་རྩོལ་ནུས་པ་བཅས་རང་དབང་གིས་འཁོར་རྒྱུག་བྱེད་པར་དཔལ་འབྱོར་གྱི་ཆ་རྐྱེན་བཟང་བོ་བསྐྲུན་དགོས་པར་འདོད། ཕྱོགས་གཉིས་ཀྱིས་ད་རུང་མུ་མཐུད་དུ་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་གཞི་གཅིག་ཅན་གྱི་གནད་དོན་ཐད་ནས་གྲོས་མོལ་སྲུང་འཛིན་བྱེད་རྒྱུའི་གྲོས་ཐག་བཅད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཨུ་རུ་སི་དང་ཨུ་རུ་སི་དཀར་པོས་མུ་མཐུད་དུ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།