ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་དཔོན་རིགས་ཀྱིས་ཚེས་བཅུ་ཉིན་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་སོ་མཱ་ལིའི་ལྷོ་ཕྱོགས་ས་ཁུལ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་བསད་ཟེར། 

སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་ཀྲུའུ་པཱ་ཀྲིག་གི་ཏིས་ཧྥུའུ་གྲོང་རྡལ་གྱི་གྲོང་གཙོ་ཨེ་ཧཱ་མེད་ཏི་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཉིན་དེར་ས་ཁུལ་དེ་རུ་ཡོད་པའི་སྲིད་གཞུང་དམག་དཔུང་གི་རྟེན་གཞི་ཞིག་ལ་དཔུང་འཇུག་བྱས་པ་དང་། ཕྱོགས་གཉིས་ཀྱིས་དུས་ཚོད་གཉིས་ལྷག་ལ་འཁྲུག་རྩོད་བྱས། སྲིད་གཞུང་དམག་དཔུང་གིས་དེའི་རྗེས་སུ་དྲག་ཆས་ཉེས་ཅན་མཐར་སྐྲོད་བཏང་བར་མ་ཟད་དྲག་ཆས་ཉེས་ཅན་དྲུག་བསད། སྲིད་གཞུང་དམག་དཔུང་གི་དམག་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་དམག་མི་གཅིག་ལ་རྨས་ཕོག་ཡོད་ཟེར། 

ས་དེའི་སྡོད་དམངས་ཀྱིས་གསར་འགོད་པར་བཤད་རྒྱུར། དྲག་ཆས་ཉེས་ཅན་དག་མཐར་སྐྲོད་བཏང་རྗེས་གྲོང་རྡལ་གྱི་གནས་བབ་ཞི་འཇགས་སུ་སོང་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།