ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་གྱིས་ཡང་བསྐྱར་གཡུལ་ས་དང་པོའི་རྒྱང་འཕེན་མེ་སྒྱོགས་དམག་དཔུང་གི་མེ་ཤུགས་ཆམ་ཕབ་གཏོང་བའི་སྦྱོང་བརྡར་ལ་མཛུབ་སྟོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། དྲག་ཆས་དམག་དཔུང་གི་ཆེས་མཐོའི་དམག་སྤྱི་ཅིན་ཀྲིན་ཨིན་གྱིས་ཚེས་དགུ་ཉིན་ཡང་བསྐྱར་ཁྲའོ་ཞན་མི་དམངས་དམག་དཔུང་གི་གཡུལ་ས་དང་པོའི་རྒྱང་འཕེན་མེ་སྒྱོགས་དམག་དཔུང་གི་མེ་ཤུགས་ཆམ་ཕབ་གཏོང་བའི་སྦྱོང་བརྡར་ལ་མཛུབ་སྟོན་བྱས། 

བསྒྲགས་པ་ལྟར་ན། ཐེངས་འདིའི་མེ་ཤུགས་ཆམ་ཕབ་གཏོང་བའི་སྦྱོང་བརྡར་གྱི་དམིགས་ཡུལ་ནི་གཡུལ་ས་དང་པོའི་རྒྱང་འཕེན་མེ་སྒྱོགས་དམག་དཔུང་གིས་ཐོལ་བྱུང་འཇབ་རྒོལ་ལ་རྒོལ་ལན་སྤྲོད་པའི་ནུས་པར་ཞིབ་བཤེར་བྱེད་པའི་ཆེད་ཡིན་པ་དང་། ཅིན་ཀྲིན་ཨིན་གྱིས་སྦྱོང་བརྡར་དེར་ལྟ་ཞིབ་བྱས་ཟེར། 

ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། མི་དམངས་དམག་དཔུང་གིས་མུ་མཐུད་དུ་མེ་སྒྱོགས་དམག་དཔུང་གི་སྦྱོང་བརྡར་ལ་ཞུགས་སྣོན་དགོས་ཟེར། ཁོས་ད་རུང་མེ་སྒྱོགས་དམག་དཔུང་གི་སྦྱོང་བརྡར་ཆུ་ཚད་ཇེ་མཐོར་གཏོང་བ་དང་དངོས་འཐབ་ཅན་འཐུས་ཚང་དུ་གཏོང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་ཟེར། བསྒྲགས་པའི་གནས་ཚུལ་ལས་ཐེངས་འདིའི་མེ་ཤུགས་ཆམ་ཕབ་གཏོང་བའི་སྦྱོང་བརྡར་སྤེལ་སྐབས་བྱེ་བྲག་ཏུ་མཚོན་ཆ་ག་འདྲ་གཏོང་འཕེན་བྱས་པ་གསལ་བོར་གླེང་མེད། 

གཞན་ཡང་ཧན་གོའི་དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཚེས་དགུ་ཉིན་གྱི་སྔ་དྲོར་ཞན་ཅིན་ལྷོ་ལམ་གྱི་ཞོན་ཏི་ས་ཁུལ་ནས་ཁྲའོ་ཞན་ཕྱེད་གླིང་ཤར་ངོས་ཀྱི་མཚོ་ཁོངས་ཕྱོགས་སུ་མཚོན་ཆ་གང་རུང་གཏོང་འཕེན་བྱས་པ་དང་། གཏོང་འཕེན་བྱས་པའི་མཚོན་ཆ་དེའི་འཕེན་ཚད་སྤྱི་ལེ་ཉིས་བརྒྱ་ཙམ་ཡིན་ལ། ཆེས་ཆེ་བའི་གཏོང་འཕེན་གྱི་མཐོ་ཚད་སྤྱི་ལེ་ལྔ་བཅུ་ཙམ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།