ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེ་ཡིས་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཚེས་དགུ་ཉིན་པུའུ་ལུའུ་སེར་ནས་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་གྲོས་མོལ་བྱས་ཏེ། མིག་སྔའི་ཐུར་ཁེ་དང་ཞི་ལཱའི་མཐའ་མཚམས་སུ་བྱུང་བའི་ཡུལ་གྱར་བའི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས། 

གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཧྥུན་ཏི་ལའེ་ཨིན་གྱིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེ་ཡིས་བཀོད་པའི་ཡུལ་གྱར་བའི་བཀོད་སྒྲིག་གྲོས་མཐུན་སྔར་བཞིན་ནུས་ལྡན་ཡིན་ཞིང་། ཕྱོགས་གཉིས་ཀྱིས་གྲོས་མཐུན་དེ་ཇེ་ཞིབ་ཏུ་བཏང་སྟེ་བྱེ་བྲག་གི་ཆད་ལུས་རེ་འགའ་ཁ་སྐོང་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་གྲོས་མཐུན་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཧྥུན་ཏི་ལའེ་ཨིན་གྱིས་ནན་གྱིས་བསྟན་དོན། རྗེས་ཀྱི་གྲོས་མོལ་ཁྲོད་ཕྱོགས་གཉིས་ཀྱིས་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ཟེར། ཁོ་མོས་བཤད་རྒྱུར། དགོང་མོ་དེར་ཨེ་ཨར་ཏའོ་ཨན་དང་སྤེལ་བའི་གྲོས་མོལ་ནི་ཐོག་མའི་རྟེན་འབྲེལ་བཟང་བོ་ཞིག་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པ་དང་ས་ཁུལ་གྱི་གཏན་འཇགས་སླར་གསོ་བྱེད་པའི་ཐུན་མོང་གི་དམིགས་འབེན་ལ་ཁ་གཏད་དེ་ཆབ་སྲིད་འཕེལ་རིམ་མགོ་རྩོམ་དགོས་ཟེར། 

མུས་ཞེ་ཨར་གྱིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕྱི་འབྲེལ་དང་བདེ་འཇགས་ལས་དོན་གྱི་འགན་ཁུར་བའི་མཐོ་རིམ་འཐུས་མི་པའོ་ལོས་ལེ་མངག་སྟེ་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་དང་འབྲེལ་འདྲིས་བྱེད་རྒྱུ་དང་། རང་རང་གིས་བྱ་བའི་ཚན་ཆུང་བཙུགས་ནས་ཕྱོགས་གཉིས་ཀྱིས་གྲོས་མཐུན་ལག་བསྟར་བྱས་ཏེ་སྔར་ལས་མཐུན་སྦྱོར་ཡོང་བར་ཁག་ཐེག་བྱེད་དགོས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།