ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་དང་བརྒྱ་དང་སོ་དགུར་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་རིམས་འགོག་ལས་ཁུངས་ལོ་པའོ་ཐི་ཁི་ཧི་ཞིབ་འཇུག་ཁང་གིས་སྤེལ་བའི་གཞི་གྲངས་ལྟར་ན། ཚེས་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་བར། འཇར་མན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་དང་བརྒྱ་དང་སོ་དགུར་བསླེབ་ཡོད་་པ་དང་། སྔ་ཉིན་ལས་ནད་པ་ཉིས་བརྒྱ་དང་སོ་བདུན་འཕར་ཡོད་ཟེར། 

འཇར་མན་གྱིས་ཚེས་དགུ་ཉིན་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་གཉིས་རྐྱེན་ལམ་དུ་ཤོར་བ་སྙན་ཞུ་བྱས། དེ་ནི་འཇར་མན་གྱི་མངའ་ཁོངས་སུ་རིམས་ནད་བྱུང་བའི་ཚུན་ལ་ཐོག་དང་པོར་རྐྱེན་ལམ་དུ་ཤོར་བའི་ནད་པ་རེད། 

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཉིན་དེར་པའོ་ལིན་གྱི་གཏམ་བཤད་ཅིག་ལས་བསྟན་དོན། རིམས་ནད་དེ་འཛམ་གླིང་ཡོངས་སུ་མཆེད་བཞིན་ཡོད་ཀྱང་། རིམས་ནད་མཆེད་པར་བཀག་འགོག་བྱེད་པའི་བྱེད་ཐབས་སྣ་ཚོགས་ངལ་བ་འབྲས་མེད་མ་ཡིན་ལ། དེ་ལས་མི་རྣམས་ཀྱིས་དུས་ཚོད་མང་བོ་བརྩོན་ལེན་བྱེད་ཐུབ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།