ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་དགུ་དང་བརྒྱ་དང་དོན་གཉིས་ལ་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་དམག་དོན་སྲུང་སྐྱོབ་སྡེ་ཁག་གི་འགན་ཁུར་བ། ཏོག་དབྱིབས་ནད་དུག་གསར་བའི་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་པ་པའོ་ལོས་ལེ་ཡིས་ཚེས་དགུའི་ཉིན་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་དགུ་དང་བརྒྱ་དང་དོན་གཉིས་ལ་བསླེབ་ཡོད་ཟེར། 

པའོ་ལོས་ལེ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ཐཱ་ལེའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གཅིག་དང་བདུན་བརྒྱ་གོ་བདུན་འཕར་ཡོད་པ་དང་། ཉིན་དེ་གཅིག་པུར་ནད་པ་གོ་བདུན་རྐྱེན་ལམ་དུ་ཤོར་ཡོད་ལ། རིམ་རྩིས་ཀྱིས་ནད་པ་བཞི་བརྒྱ་དང་རེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། རིམ་རྩིས་ཀྱིས་ནད་པ་བདུན་བརྒྱ་དང་ཉེར་བཞི་དྲག་སྐྱེད་བྱུང་ཡོད། མིག་སྔར་རྐྱེན་ལམ་དུ་ཤོར་བའི་ནད་པའི་གྲས་སུ་མང་ཆེ་བ་ནི་རྒན་པ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།