ཨ་མེ་རི་ཁའི་དམག་མི་གཉིས་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གསར་འགྱུར་ལས་རིགས་ཀྱིས་ཚེས་དགུའི་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་མི་གཉིས་ཚེས་བརྒྱད་ཉིན་དབྱི་རག་གི་བདེ་འཇགས་དམག་དཔུང་དང་འགྲོགས་ནས་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་གཙང་ཕྱགས་བྱེད་སྐབས་རྐྱེན་ལམ་དུ་ཤོར་ཟེར། 

ཨ་མེ་རི་ཁའི་དམག་ཕྱོགས་ཀྱི་གསལ་སྒྲོག་ལྟར་ན། དབྱི་རག་བདེ་འཇགས་དམག་དཔུང་གིས་ཚེས་བརྒྱད་ཉིན་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་སྤེལ་སྐབས། དབྱི་རག་གི་དམག་དཔུང་དང་མཉམ་དུ་འགུལ་སྐྱོད་བྱེད་ཅིང་དམག་དོན་བློ་འདོན་བྱེད་པའི་ཨ་མེ་རི་ཁའི་དམག་མི་གཉིས་རྐྱེན་ལམ་དུ་ཤོར་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཚེས་དགུའི་ཉིན་གྱི་སྔ་དྲོར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་བར་སྣང་རོགས་སྐྱོར་འོག དབྱི་རག་གི་འཇིགས་སྐུལ་ངོ་རྒོལ་དམག་དཔུང་གིས་གསང་འཕྲིན་གཞིར་བཟུང་ནས་ཚེས་བརྒྱད་ཉིན་གྱི་ཞོགས་པ་ནས་ཚེས་དགུ་ཉིན་གྱི་ཞོགས་པའི་བར། སཱ་ལཱ་ཧི་ཏེན་ཞིང་ཆེན་བྱང་ཕྱོགས་ཀྱི་རི་ཁུལ་དུ་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། དྲག་ཆས་ཉེས་ཅན་ཉེར་ལྔ་བསད་པ་དང་། སྦས་སྐོང་བྱེད་སའི་ས་འོག་ཕུག་ལམ་དགུ། དེ་མིན་སྦྱོང་བརྡར་སྒར་ས་ཞིག་བཅས་ལ་གཏོར་བཤིག་བཏང་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།