ཀྲུང་གོ་བོད་ཀྱི་དྲ་བ།

ཅཱ་ནེ་ཡིས་དམ་བཅའ་བཞག་སྟེ་ཨ་ཧྥུའུ་ཧན་གྱི་སྐབས་བཞི་བའི་ཙུང་ཐུང་གི་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་འགན་ཁུར་བའི་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཚེས་དགུའི་ཉིན་རྒྱལ་ས་ཁཱ་པོར་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ལོ་ལྔའི་ཙུང་ཐུང་གི་འགན་ཡུན་ཐེངས་གཉིས་པ་མགོ་བརྩམས། 

ལས་འགན་ཁུར་བའི་མཛད་སྒོ་དེ་ཙུང་ཐུང་བཞུགས་ཤག་ནས་སྤེལ་བ་དང་། དམ་བཅའ་བཞག་སྟེ་ལས་འགན་ཁུར་རྗེས། ཅཱ་ནེ་ཡིས་ཙུང་ཐུང་བཀའ་རྒྱ་ཞིག་བཀོད་དེ། ཅཱ་ཙན་ཧྥ་ཨར་ཙུང་ཐུང་གི་ཕོ་ཉར་བསྐོ་འཇོག་བྱས་ནས། འཕེལ་རྒྱས་དང་དཔལ་འབྱོར། ཚོང་ལས། དབུལ་སྐྱོར་བཅས་ལས་དོན་ལ་འགན་ཁུར་དུ་བཅུག

ཅཱ་ནེ་ཡིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་བསྟན་དོན། ཁོས་ཨ་མེ་རི་ཁའི་སྲིད་གཞུང་གིས་ཨ་ཧྥུའུ་ཧན་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་ཐད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར། 

ཨ་ཧྥུའུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཡུས་དང་། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོའི་ཚབ་མ་ཝེ་ཨར་ཞོན། ཨ་མེ་རི་ཁའི་སྲིད་གཞུང་གི་ཨ་ཧྥུའུ་ཧན་འདུམ་འགྲིག་ལས་དོན་གྱི་དམིགས་བསལ་འཐུས་མི་ཧཱ་ལེ་ལེ་ཀྲ་ཏི། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་དང་བྱང་ཆིངས་རྩ་འཛུགས་དམག་དཔུང་གི་ཆེས་མཐོའི་བཀོད་འདོམ་དཔོན་པོ་མུས་ལེ། དེ་མིན་འཇར་མན་དང་ཁཱ་ནཱ་ཏཱ། ཏན་མག ནོར་ཝེ་སོགས་རྒྱལ་ཁབ་རེ་འགའི་གཞུང་ཚབ་ཆེན་མོ་བཅས་ལས་འགན་ཁུར་བའི་མཛད་སྒོར་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།