ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེའི་ཙུང་ལི་ཡིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་སོ་སོ་བཀག་སྡོམ་བྱས་ཏེ་རིམས་ནད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ཐཱ་ལེའི་ཙུང་ལི་ཁུང་ཐི་ཡིས་ཚེས་དགུ་ཉིན་གྱི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔར་ལས་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་ཆེད། ཚེས་བཅུ་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་མཁར་གྲོང་སོ་སོར་བཀག་སྡོམ་བྱེད་རྒྱུ་ཡིན། བདེན་དཔང་ཐུབ་པའི་བྱ་བ་དང་བདེ་ཐང་། བྲེལ་མྱུར་དགོས་མཁོ་བཅས་དམིགས་བསལ་གྱི་རྒྱུ་རྐྱེན་གསུམ་མ་གཏོགས། རྒྱལ་ཡོངས་ཀྱི་མང་ཚོགས་དག་གང་འདོད་དུ་རང་གི་སྡོད་གནས་དང་ཁ་འབྲལ་མི་རུང་ཟེར། 

བཀག་རྒྱ་དེ་ལས་ད་རུང་ཚེས་བཅུ་ཉིན་ནས་བཟུང་དབྱི་ཐཱ་ལེའི་རིམ་པ་དང་པོའི་མཉམ་འབྲེལ་འགྲན་སྡུར་དང་བཅས་པའི་རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་སྡུར་ཚང་མ་གནས་སྐབས་སུ་མཚམས་འཇོག་པ་དང་། སློབ་གྲྭའི་སློབ་ཁྲིད་མཚམས་འཇོག་པའི་དུས་ཡུན་དེ་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་ནས་ཟླ་བཞི་བའི་ཚེས་གསུམ་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་གཏན་འཁེལ་བྱས་ཡོད། 

ཁུང་ཐི་ཡིས་བསྟན་དོན། དབྱི་ཐཱ་ལེའི་སྲིད་གཞུང་གིས་བལྟས་ན་དེ་ནི་ངེས་པར་དུ་སྤྱོད་དགོས་པའི་བྱེད་ཐབས་ནན་མོ་ཞིག་ཡིན་པ་དང་། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་རྒྱལ་ཡོངས་ནས་སྔར་ལས་ཚབས་ཆེན་དུའ་གྱུར་བར་སྔོན་འགོག་བྱེད་ཐུབ་པར་བསམ་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།