ཀྲུང་གོ་བོད་ཀྱི་དྲ་བ།

རིམས་ནད་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྐྱེན་ཐེབས་མི་སྲིད་ཅེས་བརྗོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧ་སག་སི་ཐན་གྱི་སློབ་གསོ་ཚན་རིག་པུའི་ཚན་རིག་ཨུ་ལྷན་གྱི་མཐོ་རིམ་ཞིབ་འཇུག་པ“རྒྱུད་གཅིག་ལམ་གཅིག”གི་རིགས་གཅིག་མཁས་ཅན་སྤྲོ་སྐྱིད་ཁང་གི་ཁོངས་མི་ཨ་དབྱི་ཏར·ཨ་མུའུ་ལེ་པ་ཡེ་ཕུའུ་ཡིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོར་ཁྲོམ་ར་ཆེན་པོ་དང་བཟོ་ལས་ཐོན་སྐྱེད་ཀྱི་ནུས་པ་སྟོབས་ཆེན་ལྡན་ལ་ཉེན་ཁ་འགོག་ནུས་ཀྱང་ཆེན་པོ་ཡོད་པས་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྐྱེན་པས་དཔལ་འབྱོར་འཕར་བའི་ཡུན་རིང་གི་འཕེལ་ཕྱོགས་ལ་འགྱུར་ལྡོག་ཐེབས་མི་སྲིད་ཅེས་བརྗོད་པ་རེད།

ཨ་མུའུ་ལེ་པ་ཡེ་ཕུའུ་ཡིས་ཀྲུང་གོས་ད་ལྟ་ཆ་རྐྱེན་ལྡན་པའི་ས་གནས་ཀྱིས་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་རིམས་ནད་ཀྱི་དབང་གིས་དཔལ་འབྱོར་ལ་རྡབ་རྡེག་ཕོག་རྒྱུ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆུང་དུ་གཏོང་བཞིན་ཡོད། ཀྲུང་གོའི་ཞིང་ཆེན་མང་པོར་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་བྱས་ཏེ་ཐོན་སྐྱེད་དམ་འཛིན་དང་མྱུར་ཚད་མགྱོགས་སུ་གཏོང་བཞིན་ཡོད་ཅིང་། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཡང་འཁོར་རྒྱུག་སླར་གསོ་བྱས་པས“དེ་དག་ཚང་མ་ནི་མི་རྣམས་དགའ་འོས་པའི་གནས་ཚུལ་ཡིན་པ་དེ་ཐོག་ནས་རིམས་ནད་ཀྱིས‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྐྱེན་ཐེབས་མི་སྲིད་པ་གསལ་བཤད་ཐུབ་ཡོད”ཅེས་བརྗོད་པ་རེད།

ཨ་མུའུ་ལེ་པ་ཡེ་ཕུའུ་ཡིས་དེང་སྐབས་ཧ་ཀྲུང་དབར་མཉམ་ལས་རྣམ་གྲངས་མང་པོ་ཞིག་ལ་རྒྱང་ཁྲིད་གཞུང་ལས་གྲུབ་སྟངས་སྤྱད་དེ་མུ་མཐུད་སྐུལ་འདེད་གཏོང་བའམ་ཡང་ན་ཡུལ་བབ་དང་བསྟུན་ནས་ད་ལྟའི་ཆ་རྐྱེན་འོག་མངོན་འགྱུར་ཐུབ་པའི་ལས་གྲྭའི་འབོར་ཚད་ལེགས་སྒྲུབ་བྱེད་བཞིན་ཡོད། རིམས་ནད་ཡོངས་སུ་མེད་པར་འགྱུར་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དབར་གྱི་ཉེན་ཁར་ཁ་གཏད་གཅོག་པ་དང་སྲིད་ཇུས་གཞོགས་འདེགས་དེ་བས་འཐུས་སྒོ་ཚང་དུ་འགྲོ་སྲིད་ལ་ཧ་ཀྲུང་རྒྱལ་ཁབ་གཉིས་པོས་ཀྱང་མུ་མཐུད“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད

ཨ་མུའུ་ལེ་པ་ཡེ་ཕུའུ་ཡིས་གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་གང་རུང་ཞིག་གིས་ཀྱང་ཐབས་མཁས་རང་སྲུང་བྱེད་མི་ཐུབ་པས་ཕྱར་བ་གྲུ་འདེགས་བྱས་ཚེ་གཞི་ནས་མཉམ་དུ་དཀའ་ངལ་ལས་སྒྲོལ་ཐུབ། ཧ་སག་སི་ཐན་ནི་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ངོས་ནས་ཀྲུང་གོ་མི་དམངས་ལ་འཕྲད་པའི་རིམས་ནད་ཐད་གཞན་སྡུག་རང་མྱོང་གི་བསམ་ཚུལ་བྱུང་། ཀྲུང་གོ་མི་དམངས་ཀྱིས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ནས་ཁྱབ་ཁོངས་ཁག་གི་རྒྱལ་སྤྱིའི་མཉམ་ལས་ཕྱོགས་ཡོངས་ནས་སླར་གསོ་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།