ཧན་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་དྲུག་ལས་བརྒལ།

202003060937108bv8.jpg

ཟླ་གསུམ་པའི་ཚེས་ལྔ་ཉིན། ཧན་གོའི་ཏཱ་ཁྱིག་ནས། རྒན་པའི་ཕན་བདེ་ཐང་ཞིག་གི་ལས་བཟོ་བས་རྒན་པར་འཚོ་བའི་མཁོ་ཆས་སྟེར་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་རིམས་ནད་དོ་དམ་སྡེ་ཁག་གིས་ཚེས་ལྔ་ཉིན་སྤེལ་བའི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། ཚེས་ལྔ་ཉིན་གྱི་ཞོགས་པ་ནས་ཕྱི་དྲོའི་དུས་ཚོད་བཞིའི་བར། ཧན་གོ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་གསར་བ་སུམ་བརྒྱ་དང་ཉེར་གཉིས་འཕར་སྣོན་བྱུང་བ་དང་། རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྟོང་དྲུག་དང་གྱ་བརྒྱད་ལ་འཕར་ཡོད་ཟེར། 

གཅིག་འདུས་རང་བཞིན་གྱི་ནད་འགོའི་སྣང་ཚུལ་བྱུང་བ་དང་། ཧན་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་གཙོ་བོ་ཏཱ་ཁྱིག་གྲོང་ཁྱེར་དང་ཆིན་ཧྲང་པེ་ཏའོ་ས་ཁུལ་དུ་ཡོད་པ་རེད། ཚེས་ལྔ་ཉིན་གྱི་ཞོགས་པའི་བར་ཏཱ་ཁྱིག་གྲོང་ཁྱེར་དང་ཆིན་ཧྲང་པེ་ཏའོ་ཡི་ནད་པའི་སྤྱི་གྲངས་སྟོང་ལྔ་དང་བརྒྱ་དང་གྱ་བདུན་ལ་བསླེབ་ཡོད། ཏཱ་ཁྱིག་གྲོང་ཁྱེར་དང་ཆིན་ཧྲང་པེ་ཏའོ་ཆིན་ཅོན་རྫོང་དང་ཆིན་ཧྲན་གྲོང་ཁྱེར་དེ་ཧན་གོའི་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་རིམས་ནད་ཀྱི་དམིགས་བསལ་དོ་དམ་ས་ཁུལ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།