ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་སྔོན་ཆད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཏི་ཁོས་ལེ་ཡཱ་ཨར་སྐུ་གཤེགས་པར་མྱ་ངན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཞི་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ལྔ་བ། ཕེ་རུའི་མིང་དུ་གྲགས་པའི་ཕྱི་འབྲེལ་དཔོན་པོ་ཏི་ཁོས་ལེ་ཡཱ་ཨར་སྐུ་གཤེགས་པར་མྱ་ངན་ཞུས། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཏི་ཁོས་ལེ་ཡཱ་ཨར་ནི་གྲུབ་འབྲས་ཕུལ་དུ་བྱུང་བའི་ཆབ་སྲིད་པ་དང་གཞུང་དྲང་བའི་ཕྱི་འབྲེལ་དཔོན་པོ་ཞིག་ཡིན་པ་དང་། ཁོས་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཧྲིལ་བོར་ཤུགས་རྐྱེན་ཆེན་པོ་བཞག་ཡོད་ལ། རྒན་རབས་པ་ཁོང་སྐུ་གཤེགས་པར་ང་རང་སེམས་གཏིང་ནས་སྐྱོ་གདུང་ཚད་མེད་སྐྱེས་བཞིན་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཕྱིར་དྲན་གྱི་ཚུལ་དུ་བཤད་རྒྱུར། ཏིས་ཁོས་ལེ་ཡཱ་ཨར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་བའི་སྐབས་སུ། ཨ་མེ་རི་ཁ་དང་སུའུ་ལེན་གྱིས་འཇམ་འཐབ་བྱེད་པ་དང་འཇམ་འཐབ་མཇུག་སྒྲིལ་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པའི་དུས་སྐབས་སུ་འཁེལ་ཡོད། ཏིས་ཁོས་ལེ་ཡཱ་ཨར་གྱིས་ཕྱི་འབྲེལ་གྱི་རྒྱལ་ཁ་མང་བོའི་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད་ཅིང་། ནཱ་སྨི་པུ་ཡཱའི་རང་བཙན་དང་། དབྱི་ལིང་དང་དབྱི་རག་གི་འཐབ་འཁྲུག་མཇུག་སྒྲིལ་བ། ཁམ་ཕུ་ཀྲེའི་ཞི་བདེའི་གྲོས་ཆོད་བཀོད་པ་སོགས་འདུས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།