ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་འཇར་མན་གྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་སི་རི་ཡཱ་དང་ལི་པུ་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་དུས་བཅད་ལྟར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་སྟེ། སི་རི་ཡཱ་དང་ལི་པུ་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

བསྒྲགས་པ་ལྟར་ན། མིག་སྔར་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཡི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བར་དམིགས་ནས། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་ཉམས་ཉེན་ཐད་ནས་ངོ་བོ་རང་བཞིན་ལྡན་པའི་གྲོས་བསྡུར་སྤེལ་བ་དང་། ཟླ་གསུམ་པའི་ཚེས་ལྔ་ཉིན་མའོ་སི་ཁི་ནས་སྤེལ་རྒྱུ་ཡིན་པའི་ཨུ་རུ་སི་དང་ཐུར་ཁེའི་མཐོ་རིམ་གྲོས་མོལ་ལ་གྲུབ་འབྲས་མངོན་གསལ་ཐོབ་པའི་རེ་བ་ཡོད་ཟེར། 

ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་ད་རུང་ལི་པུ་ཡཱའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་སྐབས་ནན་གྱིས་བསྟན་དོན། འཁྲུག་རྩོད་ཕྱོགས་ཁག་སོ་སོས་ངེས་པར་དུ་འཁྲུག་རྩོད་མཚམས་འཇོག་པའི་རྐྱེན་སྲོལ་བརྩི་སྲུང་བྱས་ཏེ། ད་ལོའི་ཟླ་དང་པོར་སྤེལ་བའི་ལི་པུ་ཡཱའི་གནད་དོན་གྱི་པའོ་ལིན་མཐོ་རིམ་གྲོས་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།