ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་གསུམ་ཉིན་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་ཆབ་སྲིད་མགོ་ཁྲིད་པ་པཱ་ལཱ་ཏཱ་ཨར་ལ་ཁ་པར་བཏང་སྟེ། ཨ་ཧྥུའུ་ཧན་རྒྱལ་ནང་གི་གནས་བབ་ལ་གྲོས་བསྡུར་བྱས་པར་མ་ཟད། ཐཱ་ལེ་པན་ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ་ལ་ཞུགས་དགོས་པའི་སྐུལ་མ་བཏང་།
ཕོ་བྲང་དཀར་པོས་ཉིན་དེར་སྤེལ་བའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཁ་པར་གཏོང་སྐབས་ཨ་ཧྥུའུ་ཧན་རྒྱལ་ནང་དུ་དྲག་ཤུགས་བྱ་འགུལ་ཇེ་ཉུང་དུ་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཐཱ་ལེ་པན་ཨ་ཧྥུའུ་ཧན་སྲིད་གཞུང་གི་འཐུས་མིའི་ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ་ལ་ཞུགས་དགོས་པའི་སྐུལ་མ་བཏང་། ཐི་ལིང་ཕུའུ་ཡིས་ཉིན་དེའི་སྔ་དྲོར་ཕོ་བྲང་དཀར་པོ་ནས་སྨྱན་བྱད་ལ་བསྟན་དོན། ཁོ་དང་པཱ་ལེ་ཏཱ་ཨར་གྱིས་ཁ་པར་གྲོས་མོལ་བྱས་པར་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཟེར།
ཐི་ལིང་ཕུའུ་དང་པཱ་ལཱ་ཏཱ་ཨར་གྱི་ཁ་པར་གྲོས་མོལ་ནི་ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་བྱུང་བའི་ཚུན་ལ། ཨ་མེ་རི་ཁའི་ཙུང་ཐུང་དང་ཐཱ་ལེ་པན་གྱི་མགོ་ཁྲིད་པས་ཐོག་དང་པོར་ཡོངས་བསྒྲགས་བྱས་པ་ཡིན་པ་རེད། ཐི་ལིང་ཕུའུ་ཡིས་ཉེ་སྔོན་བསྟན་དོན། ཁོས་ཅང་མ་འགོར་བའི་མ་འོངས་པར་ཐཱ་ལེ་པན་གྱི་མགོ་ཁྲིད་པར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཐི་ལིང་ཕུའུ་དང་ཐཱ་ལེ་པན་གྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ཨ་ཧྥུའུ་ཧན་གྱི་གནས་བབ་ལ་གྲོས་བསྡུར་བྱས།