ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཨ་མེ་རི་ཁས་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བཞིའི་ཉིན་བསྟན་དོན། ཨ་མེ་རི་ཁས་གལ་ཏེ་དོན་དམ་པར་དབྱི་ལིང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པར་རོགས་རམ་བྱེད་འདོད་ན། སྨན་བཅོས་ཡོ་བྱད་ཀྱི་ནང་འདྲེན་གཏན་འགོག་བྱེད་པའི་བཀའ་རྒྱ་སོགས་འདུས་པའི་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་དགོས་ཟེར། 

ལུའུ་ཧཱ་ནེ་ཡིས་ཉིན་དེར་ནེ་ཀིའི་གྲོས་ཚོགས་སྟེང་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་དབྱི་ལིང་ལ་རོགས་རམ་བྱེད་འདོད་ཡོད་ན། ཐོག་མར་དབྱི་ལིང་གི་སྨན་བཅོས་ཡོ་བྱད་ཀྱི་ནང་འདྲེན་གཏན་འགོག་བྱེད་པའི་བཀའ་རྒྱ་མེད་པར་གཏོང་དགོས་ཟེར། ཁོས་བཤད་རྒྱུར། འདས་པའི་ལོ་གཉིས་ཀྱི་ནང་ཨ་མེ་རི་ཁས་དབྱི་ལིང་གིས་ཟས་རིགས་དང་སྨན་རྫས་སོགས་ནང་འདྲེན་བྱེད་པར་ཚོད་འཛིན་བྱས་ཡོད་ཟེར། 

ལུའུ་ཧཱ་ནེ་ཡིས་བསྟན་དོན། བཀག་སྡོམ་མེད་པར་གཏོང་བ་ནི་གོ་རིམ་དང་པོ་ཡིན་པ་དང་། ཨ་མེ་རི་ཁས་ད་རུང་ད་ལྟའི་བར་གྱི་བྱ་སྤྱོད་ཐད་ནས་དབྱི་ལིང་ལ་དགོངས་དག་ཞུ་དགོས་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་གཉིས་པའི་ཚེས་ཉེར་དགུའི་ཉིན་བསྟན་དོན། དབྱི་ལིང་གིས་རེ་བ་བཏོན་ན། ཨ་མེ་རི་ཁས་དབྱི་ལིང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པར་རོགས་རམ་བྱེད་འདོད་ཡོད་ཟེར། 

དབྱི་ལིང་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པ་ལྟར་ན། ཚེས་བཞི་ཉིན་གྱི་སྔ་དྲོའི་བར། དབྱི་ལིང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཉིས་དང་དགུ་བརྒྱ་ཉེར་གཉིས་ལ་འཕར་ཡོད་པ་དང་། དེའི་ནང་མི་གོ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་དང་ང་གཉིས་དྲག་སྐྱེད་བྱུང་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།