ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་འོས་འཚམ་གྱི་སྲིད་ཇུས་གང་རུང་སྤྱད་དེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་རྒྱུ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ནོར་སྲིད་དང་དངུལ་ཁང་གི་མགོ་བས་ཚེས་གསུམ་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པར་བསམ་བློ་བཏང་ནས། ཁོ་ཚོས་འོས་འཚམ་གྱི་སྲིད་ཇུས་གང་རུ་སྤྱད་དེ་སྟོབས་དང་ལྡན་ཞིང་རྒྱུན་མཐུད་འཕར་སྣོན་དང་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་ཉེན་ཁ་སྔོན་འགོག་བྱེད་པ་མངོན་འགྱུར་བྱེད་རྒྱུའི་ཚུལ་བསྟན། 

ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་མུའུ་ནོའུ་ཆན་དང་ཨ་མེ་རི་ཁའི་རྒྱུ་ནོར་མཉམ་འབྲེལ་གསོག་འཇོག་ཁང་གི་ཀྲུའུ་ཞི་པའོ་ཝེ་ཨར་གྱིས་ཉིན་དེའི་སྔ་དྲོར་སྣེ་ཁྲིད་དེ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ནོར་སྲིད་དང་དངུལ་ཁང་གི་མགོ་བ་རྩ་འཛུགས་བྱས་ཏེ་ཁ་པར་གྲོས་ཚོགས་བསྡུས་ནས། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་ཐེབས་སྲིད་པའི་ཤུགས་རྐྱེན་ལ་གྲོས་བསྡུར་བྱས། 

ཁོ་ཚོས་གྲོས་ཚོགས་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། ཧུར་ཐག་སྒོས་འཕྲོད་བསྟེན་ཞབས་ཞུ་རྒྱ་བསྐྱེད་སྐབས། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ནོར་སྲིད་དཔོན་པོས་འགུལ་སྐྱོད་སྤེལ་བར་གྲ་སྒྲིག་བྱས་ཡོད་པ་དང་། འོས་ཤིང་འཚམ་པའི་ནོར་སྲིད་བྱེད་ཐབས་སྤྱད་དེ་རིམས་ནད་ཀྱི་འགོག་བཅོས་དང་དཔལ་འབྱོར་འཕར་སྣོན་ལ་རྒྱབ་སྐྱོར་བྱེད་པ་སོགས་འདུས། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཀྲུང་དབྱང་དངུལ་ཁང་གི་མགོ་བས་མུ་མཐུད་དུ་འགན་འཁྲི་ལག་བསྟར་བྱས་ཏེ། དངོས་གོང་གཏན་འཇགས་དང་དཔལ་འབྱོར་འཕར་སྣོན་ལ་རྒྱབ་སྐྱོར་བྱས་ནས། དངུལ་ལོར་མ་ལག་གི་ལྡེམ་ཤུགས་སྲུང་འཛིན་བྱེད་དགོས། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་འཛམ་གླིང་དངུལ་ཁང་། དེ་མིན་རྒྱལ་སྤྱིའི་དངུལ་ལོར་ལས་ཁུངས་གཞན་པ་བཅས་ཀྱིས་ཚད་ཆེན་པོའི་སྒོ་ནས་ད་ཡོད་ཀྱི་ཡོ་བྱད་བེད་སྤྱོད་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་དག་གིས་རིམས་ནད་ལས་བྱུང་བའི་མི་སྣའི་གནོད་འཚེ་དང་དཔལ་འབྱོར་འགྲན་རྩོད་ཐག་གཅོད་བྱེད་པར་རོགས་རམ་བྱེད་པའི་གྲ་སྒྲིག་བྱས་པར་དགའ་བསུ་ཞུས། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ནོར་སྲིད་དང་དངུལ་ཁང་གི་མགོ་བས་དུས་ངེས་མེད་དུ་མཉམ་ལས་ལ་བརྟེན་ནས་དུས་ལྟར་ནུས་ལྡན་བྱེད་ཐབས་སྤྱོད་པར་གྲ་སྒྲིག་བྱས་ཡོད་ཟེར། 

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ལ་ཨ་མེ་རི་ཁ་དང་དབྱིན་ཇི། ཁཱ་ནཱ་ཏཱ། ཧྥ་རན་སི། འཇར་མན། དབྱི་ཐཱ་ལེ། འཇར་པན་བཅས་འདུས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།