ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱ་ཡིས་ཐུར་ཁེའི་བཙན་འཛུལ་ལ་མཐའ་གཅིག་ཏུ་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེ་ཡིས་སི་རི་ཡཱའི་མངའ་ཁོངས་ནས་དམག་དོན་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་བཏང་བ་དང་། སི་རི་ཡཱའི་དམག་དཔུང་གིས་ཐུར་ཁེའི་བཙན་འཛུལ་ལ་མཐའ་གཅིག་ཏུ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱ་ཡིས་ཐུར་ཁེ་ཡིས་རང་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གནོད་པ་བཟོ་བའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པར་མ་ཟད་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། སི་རི་ཡཱའི་དམག་དཔུང་གིས་ཐུར་ཁེའི་བཙན་འཛུལ་རྒོལ་ལན་སྤྲོད་རྒྱུ་ཡིན་པ་དང་། མུ་མཐུད་དུ་འཇིགས་སྐུལ་རིང་ལུགས་བར་འཐབ་རྩོད་བྱེད་རྒྱུ་ཡིན་ཟེར། 

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུར་ཁེའི་བཙན་འཛུལ་བྱ་སྤྱོད་ལ་རྒོལ་གཏམ་གཏོང་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།