ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྟོང་བཞི་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200303093354pCXv.jpg

ཟླ3པའི་ཚེས2ཉིན། ཧན་གོའི་ཧྲིག་ཨར་ནས། ཀུན་འདུས་ཚོང་ར་ག་གེ་མོའི་ལས་བྱེད་མི་སྣས་རིམས་འགོག་དུག་སེལ་བྱེད་བཞིན་པ། 

20200303093413SaP.jpg

ཟླ3པའི་ཚེས2ཉིན། ཧན་གོའི་ཧྲིག་ཨར་ནས། ཀུན་འདུས་ཚོང་ར་ག་གེ་མོའི་ལས་བྱེད་མི་སྣས་ཁ་ཐུམ་བཙོང་ཚར་བའི་གསལ་བརྡ་སྦྱོར་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོ་ཡིས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་མུ་མཐུད་དུ་ཇེ་མང་ལ་འགྲོ་བཞིན་ཡོད་པ་དང་། མིག་སྔར་ནད་པ་སྟོང་བཞི་དང་ཉིས་བརྒྱ་བཅུ་གཉིས་ལ་བསླེབ་ཡོད་ཟེར། 

ཧན་གོའི་རིམས་ནད་དོ་དམ་སྡེ་ཁག་གིས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཚེས་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་ནས་ཚེས་གཉིས་ཉིན་གྱི་ཞོགས་པའི་བར། ཧན་གོ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་བཞི་བརྒྱ་དང་དོན་དྲུག་གསར་དུ་འཕར་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་བཞི་འཕར་ཡོད་ལ། ནད་པ་གཅིག་ལ་དྲག་སྐྱེད་བྱུང་ཡོད། ཧན་གོ་རུ་རིམ་རྩིས་ཀྱིས་ནད་ངོས་འཛིན་བྱས་པའི་ནད་པ་སྟོང་བཞི་དང་ཉིས་བརྒྱ་བཅུ་གཉིས་ལ་འཕར་ཡོད་ཟེར། 

མིག་སྔར། ཧན་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁྲོད། ནད་པ་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་གཅིག་ལ་དྲག་སྐྱེད་བྱུང་ཡོད། ནད་པ་སྟོང་བཞི་དང་བརྒྱད་དང་ང་དགུ་ཁ་ཁར་བཀག་ནས་གསོ་བཅོས་བྱེད་བཞིན་ཡོད། གཞན་ད་རུང་མི་ཁྲི་གསུམ་དང་སྟོང་གསུམ་བདུན་བརྒྱ་གོ་དགུ་ལ་ཁ་ཁར་བཀག་ནས་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།