ཀྲུང་གོ་བོད་ཀྱི་དྲ་བ།

ཨ་སེ་པེད་ཅང་གིས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཉིན་དེ་ནས་བཟུང་ཨ་སེ་པེད་ཅང་གི་མངའ་ཁོངས་སུ་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། 

ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཨ་སེ་པེད་ཅང་དམག་དཔུང་གི་ལོ་འདིའི་རྒྱུན་སྲོལ་གྱི་དམག་དོན་སྦྱོང་བརྡར་ཅིག་ཡིན་པ་དང་། དམག་དོན་སྦྱོང་བརྡར་གྱི་རྣམ་པ་ཡུལ་དངོས་སྦྱོང་བརྡར་དང་། ས་ཁྲའི་སྦྱོང་བརྡར། བྱེ་རིས་སྟེང་གི་སྦྱོང་བརྡར་སོགས་འདུས། 

གསལ་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་ལས་མཚོན་ཆ་དང་སྒྲིག་ཆས་རིགས་སྣ་ཚོགས་བཀོལ་སྤྱོད་བྱེད་རྒྱུ་ཡིན་པ་དང་། བརྡ་འཕྲིན་ལག་རྩལ་རྒྱ་ཆེར་བེད་སྤྱོད་བྱས་པ་ལ་བརྟེན་ནས་འཐབ་འཁྲུག་ལས་ཁུངས་ཀྱིས་བཀོད་འདོམ་པུའུ་ཡིས་སྔོན་ནས་གཏན་འཁེལ་བྱས་པའི་འཐབ་འཁྲུག་ཇུས་གཞི་ཡོངས་འགྲུབ་བྱེད་པར་རོགས་རམ་བྱས། 

དམག་དོན་སྦྱོང་བརྡར་དེ་ཟླ་གསུམ་པའི་ཚེས་དྲུག་ཉིན་མཇུག་སྒྲིལ་རྒྱུ་རེད། ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་དམག་དོན་སྦྱོང་བརྡར་སྤེལ་སའི་བྱེ་བྲག་གི་ས་གནས་གསལ་བོར་བསྒྲགས་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།