ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལིའི་དམག་མི་དྲུག་ལ་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཱ་ལིའི་དམག་ཕྱོགས་ཀྱིས་ཚེས་གཉིས་ཉིན་སྤྱི་སྒྲོག་སྤེལ་ཏེ། མཱ་ལིའི་དམག་དཔུང་ལ་ཚེས་གཅིག་ཉིན་གྱི་དགོང་མོར་མཱ་ལིའི་དབུས་ཕྱོགས་ས་ཁུལ་ནས་འཇབ་རྒོལ་ཐེབས་ཏེ། དམག་མི་དྲུག་རྐྱེན་ལམ་དུ་ཤོར་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། མཱ་ལིའི་དམག་དཔུང་ལ་ཚེས་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་བཅུའི་ཡས་མས་སུ་མཱ་ལིའི་དབུས་ཕྱོགས་ཀྱི་མའོ་ཕུའུ་ཐིས་ས་ཁུལ་གྱི་མིན་ཏའོ་ལོ་གྲོང་རྡལ་ཉེ་འདབས་སུ་འཇིགས་སྐུལ་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། དམག་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ལ་རྨས་ཕོག གཞན་ཡང་རྒྱུ་ནོར་གྱི་གྱོང་གུད་བྱུང་ཡོད་ཟེར། 

མཱ་ལིའི་དམག་ཕྱོགས་ཀྱིས་བསྟན་དོན། འཇབ་རྒོལ་ཐེབས་རྗེས་དམག་ཕྱོགས་ཀྱིས་བར་སྣང་གི་ཆམ་ཕབ་སྟོབས་ཤུགས་མངག་གཏོང་བྱས་ཏེ། འཇིགས་སྐུལ་ཉེས་ཅན་མང་བོར་ཤི་རྨས་བཟོས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།