ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ཚེས་གཉིས་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཧའོ་སི་ཐི་ཞིང་ཆེན་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་སེར་དཀྱུས་མ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་ལ་རྨས་ཕོག

ཧའོ་སི་ཐི་ཞིང་ཆེན་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཁུའུ་ཐི་ཡིས་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བཅོ་ལྔའི་ཡས་མས་སུ། འགད་རྫས་སྒྲིག་སྦྱོར་བྱས་ཡོད་པའི་འཕྲུལ་རྟ་ཞིག་ལུས་རྩལ་ར་བ་ཞིག་ནས་འགས་གཏོར་བཏང་བ་དང་། སྐབས་ཐོག་དེར་སྡེ་མི་མང་བོས་ལུས་རྩལ་ར་བར་རྐང་རྩེད་སྤོ་ལོ་རྩེད་བཞིན་ཡོད་ཟེར། 

ཁུའུ་ཐི་ཡིས་བཤད་རྒྱུར། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་དོན་དེའི་ཐད་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།