ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་དམག་ཕྱོགས་ཀྱིས་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་མཁའ་ཁོངས་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་དམག་ཕྱོགས་ཀྱིས་ཟླ་གསུམ་པའི་ཚེས་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་དང་ཁྱད་པར་དུ་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་མངའ་ཁོངས་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

སི་རི་ཡཱའི་དྲག་ཆས་དམག་དཔུང་གི་དམག་སྤྱི་ཁང་གིས་ནུབ་བྱང་ས་ཁུལ་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་མངའ་ཁོངས་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། སི་རི་ཡཱའི་དམག་དཔུང་གིས་མངའ་ཁོངས་དེར་ཡོང་བའི་གནམ་གྲུ་དང་མི་བསྡད་མེད་པའི་གནམ་གྲུ་གང་ཡིན་ཡང་དགྲ་ཡའི་དམིགས་འབེན་དུ་བཟུང་ནས་སར་འཕེན་ངེས་ཡིན་ཟེར། 

གསལ་སྒྲོག་ལས་ཐུར་ཁེའི་དམག་དཔུང་གིས་དབྱེ་ཏི་ལེ་པུའུ་ཞིང་ཆེན་དང་དེའི་ཉེ་འཁོར་ས་ཁུལ་དུ་སི་རི་ཡཱའི་དམག་དཔུང་ལ་འཇབ་རྒོལ་བྱེད་བཞིན་ཡོད་པ་དང་། ཐད་ཀར་དུ་རང་རེའི་དམག་དཔུང་གི་གཡུལ་སར་འཇབ་རྒོལ་བྱེད་པ་དང་ཡང་ན་འཇིགས་སྐུལ་རྩ་འཛུགས་ལ་རྒྱབ་སྐྱོར་སྣ་ཚོགས་འདོན་སྤྲོད་བྱེད་བཞིན་ཡོད་ཟེར། 

ཉིན་དེར་སི་རི་ཡའི་དམག་ཕྱོགས་ཀྱིས་དབྱེ་ཏི་ལེ་པུའུ་ཞིང་ཆེན་ཤར་ལྷོའི་ཕྱོགས་ཀྱི་སཱ་ལཱ་ཅི་པུའུ་ནས་ཐུར་ཁེའི་མི་བསྡད་མེད་པའི་གནམ་གྲུ་ཞིག་སར་འཕངས་པའི་ཚུལ་བསྟན་ཡང་། སྨྱན་བྱད་ཀྱིས་བསྒྲགས་པའི་སི་རི་ཡཱའི་འཐབ་འཛིང་གནམ་གྲུ་སར་འཕངས་པའི་འབྲེལ་ཡོད་གནས་ཚུལ་ཁས་ལེན་མ་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།