ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོས་ཨ་རབ་རྒྱལ་ཁབ་ཀྱི་མགོ་གཙོའི་གྲོས་ཚོགས་རྗེས་སུ་སྣུར་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨར་ཅི་རི་ཡཱའི་རྒྱལ་ཨར་ཅིར་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་ཟླ་གཉིས་པའི་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། ཟླ་གསུམ་པའི་ཟླ་མཇུག་ཏུ་ཨར་ཅི་རི་ཡཱ་ནས་སྤེལ་རྒྱུར་ཐག་བཅད་ཡོད་པའི་ཨ་རབ་རྒྱལ་ཁབ་ཀྱི་མགོ་གཙོའི་གྲོས་ཚོགས་དེ་རྗེས་སུ་སྣུར་རྒྱུ་ཡིན་ཟེར། 

ཀའེ་ཐི་ཡིས་ཉིན་དེར་ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་དང་ཨར་ཅི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་པུའུ་ཁཱ་ཏུའུ་མུའུ་གཉིས་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོས་བཤད་རྒྱུར། གྲོས་ཚོགས་ཀྱི་བྱེ་བྲག་གི་དུས་ཚོད་དེ་ཕྱོགས་གཉིས་ཀྱིས་རྗེས་སུ་ཁྱབ་སྒྲོག་བྱེད་ངེས་ཡིན་ཟེར། 

ཀའེ་ཐི་ཡིས་བསྟན་དོན། མིག་སྔར་འཛམ་གླིང་ཧྲིལ་བོ་ཅུང་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། སྐབས་ཐོག་དེར་རྒྱལ་སྤྱིའི་གྲོས་ཚོགས་ཆེ་གྲས་སྤེལ་བར་མི་འཚམ་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། ཨ་རབ་རྒྱལ་ཁབ་དག་གི་བར་སི་རི་ཡཱ་དང་ལི་པུ་ཡཱ། ཕཱ་ལེ་སི་ཐན་སོགས་གནད་དོན་གལ་ཆེན་ཐད་བསམ་འཆར་མི་འདྲ་བ་ཡོད་པས། གྲོས་ཚོགས་རྗེས་སུ་སྣུར་ན་ཕྱོགས་སོ་སོས་འབྲེལ་ཡོད་ལངས་ཕྱོགས་མཐུན་སྦྱོར་བྱེད་པར་ཕན་ཐོགས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།