ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་གིས་མུ་མཐུད་དུ་སི་རི་ཡཱའི་འཇིགས་སྐུལ་ཉེས་ཅན་ལ་ཆམ་ཕབ་གཏོང་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཟླ་གསུམ་པའི་ཚེས་གཅིག་ཉིན་བསྟན་དོན། ཨུ་རུ་སིའི་དམག་དཔུང་ནི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་རེ་བ་བཞིན་དུ་བཅའ་སྡོད་བྱས་པའི་ཁྲིམས་མཐུན་གྱི་ཕྱི་རྒྱལ་དམག་དཔུང་གཅིག་པུ་ཡིན་པས། མུ་མཐུད་དུ་སི་རི་ཡཱའི་འཇིགས་སྐུལ་ཉེས་ཅན་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་སི་རི་ཡཱའི་གནས་བབ་གླེང་སྐབས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གི་སི་རི་ཡཱའི་སྲིད་གཞུང་གི་རེ་བ་ལྟར་བཅའ་སྡོད་བྱས་པའི་ཁྲིམས་མཐུན་གྱི་ཕྱི་རྒྱལ་དམག་དཔུང་གཅིག་པུ་ཡིན་པ་དང་། ཕྱི་རྒྱལ་གྱི་དམག་དཔུང་གཞན་པས་སི་རི་ཡཱ་ནས་འགུལ་སྐྱོད་བྱས་ན་རྒྱལ་སྤྱིའི་སྒྲིག་སྲོལ་དང་རྩ་དོན་ལ་འགལ་ཡོད་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཐུར་ཁེ་ཡིས་ཨུ་རུ་སི་དང་ཐུར་ཁེའི་མགོ་ཁྲིད་པས་སོ་ཆིའི་གྲོས་མོལ་སྐབས་བཀོད་པའི་གྲོས་མཐུན་ལག་བསྟར་མ་བྱས་པ་དང་། འཇིགས་སྐུལ་ཉེས་ཅན་གྱིས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱས་པས། སི་རི་ཡཱའི་དམག་དཔུང་གིས་ཉེ་བའི་ཉིན་འགའི་རིང་གི་འགུལ་སྐྱོད་དེའི་དམིགས་ཡུལ་ནི་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཆེད་དུ་རེད་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། སི་རི་ཡའི་འཇིགས་སྐུལ་ཉེས་ཅན་གྱིས་ད་རུང་ཨུ་རུ་སིའི་དམག་དོན་སྒྲིག་ཆས་ལ་འཇབ་རྒོལ་བྱས་པས། འཇིགས་སྐུལ་ཉེས་ཅན་དེ་དག་ལ་མུ་མཐུད་དུ་ཆམ་ཕབ་གཏོང་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།