ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་ལྗར་པན་ལ་འགོག་སྲུང་གྱོན་ཆས་ཆ་ཚང5000དང་ཁ་རས་ཁྲི10ཁག་བགོས་ནས་ཞལ་འདེབས་རྒྱག་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕན་ཚུན་རོགས་རེས་བྱས་ཏེ། ཀྲུང་གོ་སྲིད་གཞུང་གིས་ལྗར་པན་ལ་སྨན་བཅོས་དངོས་རྫས་ཞལ་འདེབས་ཕུལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་ཐོན་པ་ནས་བཟུང་ལྗར་པན་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོར་བྱས་པ་དང་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་པ་དེ་ཀྲུང་གོའི་མི་དམངས་ཀྱིས་སེམས་ལ་བརྟན་པོར་བཟུང་ཡོད།  

ཉེ་ཆར་ལྗར་པན་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་གནད་འགག་གི་དུས་སུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རིམས་ནད་འགོག་རྒོལ་ལ་ཧུར་ཐག་བྱས་པ་དང་དུས་མཚུངས་སུ། ནུས་ཤུགས་ཡོད་རྒུས་ལྗར་པན་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། ཉེ་སྔོན། ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་ཕྱོགས་ལ་ནད་དུག་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྒམ་ཆུང་ཁག་གཅིག་སྤྲད་ཡོད་པ་རེད། ཀྲུང་གོ་སྲིད་གཞུང་གིས་ད་དུང་ཁག་དབྱེ་ནས་ལྗར་པན་ལ་འགོག་སྲུང་གྱོན་ཆས་ཆ་ཚང5000དང་ཁ་རས་ཁྲི10ཞལ་འདེབས་ཕུལ་བ་དེའི་ནང་། དངོས་ཟོག་ཁག་སྔོན་མ་གཉིས་པོ་ཟླ2པའི་ཚེས27ཉིན་དང་ཚེས28ཉིན་ཐོ་ཁེའོ་རུ་འབྱོར་ཡོད་པ་རེད། ཀྲུང་གོའི་ས་གནས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དང་། ཁེ་ལས། མི་སྒེར་བཅས་མང་པོ་ཞིག་གིས་ཀྱང་བྱ་སྤྱོད་ཧུར་ཐག་སྤེལ་ནས་ལྗར་པན་ལ་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ནས་ཤུགས་རྒྱག་བཞིན་ཡོད།

ཀྲུང་གོ་དང་འཇར་པན་གཉིས་ནི་ཕན་ཚུན་ཉེ་བའི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པས། རིམས་ནད་ཀྱི་མདུན་དུ་ཕན་ཚུན་རོགས་རམ་བྱས་ཏེ་རིམས་ནད་ལས་གྲོལ་བར་ཕན་ཚུན་ལ་ཡིད་ཆེས་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་ཕྱོགས་ཀྱི་དགོས་མཁོར་དམིགས་ནས་ནུས་པ་གང་ལྕོགས་ཀྱིས་རོགས་རམ་བྱས་ཏེ་ལྗར་པན་མི་དམངས་དང་ལག་གདང་སྦྲེལ་ནས་དཀའ་གནད་ལས་སྒྲོལ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།