ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་ཨུ་རུ་སི་ཡིས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཟླ་གཉིས་པའི་ཚེས་ཉེར་དགུའི་ཉིན་དབྱི་སི་ཐན་པོར་ནས་བསྟན་དོན། ཐུར་ཁེ་ཡིས་མུ་མཐུད་དུ་སི་རི་ཡཱའི་བྱང་ཕྱོགས་ཀྱི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་དམིགས་འབེན་ལ་ཆམ་ཕབ་གཏོང་རྒྱུ་ཡིན་པ་དང་། ཨུ་རུ་སི་ཐུར་ཁེ་དང་སི་རི་ཡཱའི་འཁྲུག་རྩོད་ལ་གཡོལ་ནས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་སྲིད་འཛིན་ཏང་དྲང་བདེན་དང་འཕེལ་རྒྱས་ཏང་གི་གྲོས་ཚོགས་སྟེང་བསྟན་དོན། ཨུ་རུ་སི་ཐུར་ཁེ་དང་སི་རི་ཡཱའི་འཁྲུག་རྩོད་ལ་གཡོལ་དགོས་པ་དང་། ཁོས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཐུར་ཁེའི་དམག་དཔུང་དང་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཁེར་ཐུག་བྱེད་དུ་འཇུག་དགོས་པའི་རེ་བ་བཏོན་ཡོད་ལ། ང་ཚོས་ཨུ་རུ་སི་ཡིས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལ་རྒྱབ་སྐྱོར་བྱེད་པའི་དམིགས་ཡུལ་ལ་རྒྱུས་ལོན་བྱེད་ཐབས་མེད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། ཐུར་ཁེའི་དམག་དཔུང་ལ་སི་རི་ཡཱའི་མི་དམངས་ཀྱི་གདན་ཞུ་ཐོབ་ནས་སི་རི་ཡཱའི་མངའ་ཁོངས་སུ་སོང་བ་དང་། སི་རི་ཡཱའི་མི་དམངས་ཀྱིས་འཐབ་འཁྲུག་མཇུག་སྒྲིལ་བས་ཐུར་ཁེའི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་རེ་བ་མ་བཏོན་ན། ཐུར་ཁེ་ཡིས་དམག་དཔུང་ཕྱིར་འཐེན་བྱེད་མི་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།