ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཞི་བདེའི་གྲོས་མཐུན་བཀོད་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་གཉིས་པའི་ཚེས་ཉེར་དགུའི་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཞི་བདེའི་གྲོས་མཐུན་བཀོད་པར་དགའ་བསུ་ཞུས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཕྱོགས་སོ་སོས་ཨ་ཧྥུའུ་ཧན་གྱི་གནད་དོན་དེ་ཡུན་རིང་བོར་ཆབ་སྲིད་ལྟར་ཐག་གཅོད་བྱེད་པ་མངོན་འགྱུར་བྱེད་པའི་ཐད་འབད་བརྩོན་བྱས་པར་དགའ་བསུ་ཞུས་པ་དང་། ཞོར་དུ་ཁཱ་ཐར་སྲིད་གཞུང་གིས་ཨ་མེ་རི་ཁ་དང་ཐཱ་ལེ་པན་བར་གྱི་གྲོས་མོལ་འགན་སྒྲུབ་བྱས་པར་གཟེངས་བསྟོད་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཨ་ཧྥུའུ་ཧན་གྱི་མི་ཚང་མའི་ཁེ་ཕན་གྱི་ཆེད་དུ། ངེས་པར་དུ་ཨ་ཧྥུའུ་ཧན་རྒྱལ་ཡོངས་ཁྱབ་ཁོངས་སུ་མུ་མཐུད་དུ་དྲག་ཤུགས་ཇེ་ཉུང་དུ་གཏོང་བའི་བྱ་འགུལ་སྤེལ་དགོས་པ་ནན་བཤད་བྱས། ཁོས་ཕྱོགས་ཁག་སོ་སོས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ་དང་ཕྱོགས་ཡོངས་ཀྱི་ཞི་བདེའི་འཕེལ་རིམ་ལ་ཕན་ནུས་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་པའི་སྐུལ་མ་བཏང་། 

ཀུའུ་ཐི་ལོས་སི་ཡིས་ད་རུང་བསྟན་དོན། ཨ་ཧྥུའུ་ཧན་གྱི་མི་གཙོ་བྱས་པའི་བཟོད་སྒོམ་རང་བཞིན་གྱི་འཕེལ་རིམ་ལ་བརྟེན་ནས་ཨ་ཧྥུའུ་ཧན་མི་དམངས་ཀྱི་ཞི་བདེ་རེ་འདུན་མངོན་འགྱུར་བྱེད་པ་དང་། ཨ་ཧྥུའུ་ཧན་གྱི་བུད་མེད་དང་ན་གཞོན་དག་འཕེལ་རིམ་དེའི་ནང་ཞུགས་པའི་རེ་བ་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།