ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ལཱ་ཡིས་གནས་སྐབས་སུ་ཐུར་ཁེའི་བར་གྱི་སྐམ་སའི་མཐའ་མཚམས་རྒྱུ་ལམ་བཀག་སྡོམ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡུལ་གྱར་བ་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་མང་བོ་ཐུར་ཁེ་དང་ཞི་ལཱའི་མཐའ་མཚམས་ས་ཁུལ་དུ་འདུས་ཡོད་པས། ཞི་ལཱ་སྲིད་གཞུང་གིས་ཚེས་ཉེར་བརྒྱད་ཉིན་གནས་སྐབས་སུ་ཐུར་ཁེའི་བར་གྱི་སྐམ་སའི་མཐའ་མཚམས་རྒྱུ་ལམ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཞི་ལཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཡུལ་གྱར་བ་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་བཞི་བརྒྱ་ལྷག་ཞི་ལཱའི་བྱང་ཤར་ཕྱོགས་ཀྱི་ཐུར་ཁེ་དང་འབྲེལ་བའི་ཁཱ་སི་ཐཱ་ནེ་སི་མཐའ་མཚམས་རྒྱུ་ལམ་གྱི་ཐུར་ཁེའི་ཕྱོགས་སུ་འདུས་ཡོད་པ་དང་། ཞི་ལཱའི་ཉེན་རྟོག་ཕྱོགས་ཀྱིས་དུད་འཕྱུར་འགད་རྫས་བེད་སྤྱད་དེ་རྒྱལ་མཚམས་བརྒལ་རྩིས་བྱེད་པ་པར་བཀག་འགོག་བྱས། 

ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་ཡིས་ཉིན་དེར་བཤད་རྒྱུར། ཞི་ལཱ་ཡིས་སི་རི་ཡཱའི་མངའ་ཁོངས་ཀྱི་འཁྲུག་རྩོད་ལ་འགན་ཅི་ཡང་ཁུར་མི་སྲིད་པ་དང་། མི་གཞན་པས་ཐག་གཅོད་བྱས་པའི་མཇུག་འབྲས་ཀྱང་ཁུར་དུ་ལེན་མི་སྲིད། ཞི་ལཱ་ཡིས་ཁྲིམས་དང་འགལ་བའི་སྒོ་ནས་མངའ་ཁོངས་སུ་ཡོང་བའི་བྱ་སྤྱོད་གང་རུང་ལ་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་ལ། ཞི་ལཱ་སྲིད་གཞུང་གིས་མཐའ་མཚམས་ཀྱི་དོ་དམ་ལ་ཤུགས་སྣོན་བྱེད་བཞིན་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ལ་འབྲེལ་ཡོད་ཀྱི་གནས་ཚུལ་སྙན་ཞུ་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།