ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི་རྒྱལ་སའི་ཟིང་འཁྲུག་ཕལ་ཆེར་ཞི་འཇགས་སུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཉིན་འགའ་འགོར་བའི་རྒྱ་གར་རྒྱལ་སའི་ཟིང་འཁྲུག་དེ་ཚེས་ཉེར་བརྒྱད་ཉིན་ཕལ་ཆེར་ཞི་འཇགས་སུ་བཏང་ཡོད་པ་དང་། ཟིང་འཁྲུག་དེ་ལས་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི་སུམ་བརྒྱ་དང་ལྔ་བཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། 

བསྒྲགས་པ་ལྟར་ན། སྤྱི་དམངས་ཀྱི་ཐོབ་ཐང་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་རྒྱབ་སྐྱོར་མཁན་དང་ངོ་རྒོལ་མཁན་གྱི་བར་ཚེས་ཉེར་བཞི་ཉིན་ནས་བཟུང་དྷི་ལེ་གསར་བའི་བྱང་ཤར་ཕྱོགས་ཀྱི་ས་ཁུལ་མང་བོ་ནས་བྱུང་བའི་ཟིང་འཁྲུག་དེ་མིག་སྔར་ཕལ་ཆེར་ཞི་འཇགས་སུ་བཏང་ཡོད་ཟེར། ས་དེའི་དཔོན་རིགས་ཀྱིས་བཤད་རྒྱུར། ཟིང་འཁྲུག་དེ་ལས་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཉེན་རྟོག་པ་གཅིག་དང་། གསང་འཕྲིན་མི་སྣ་གཅིག བདེ་སྲུང་མི་སྣ་གཉིས་བཅས་འདུས། རྨས་ཕོག་པའི་མི་སུམ་བརྒྱ་དང་ལྔ་བཅུ་ལས་བརྒལ་ཡོད་པ་དང་། དེའི་ནང་མི་བདུན་བཅུ་ལྷག་ནི་མེ་མདས་རྨས་པ་རེད་ཟེར། 

དྷི་ལེ་གསར་བའི་བྱང་ཤར་ས་ཁུལ་དུ་ཟིང་འཁྲུག་བྱུང་སར་གྱང་ངོས་ཐམས་ཅད་ནག་པོར་བཟོས་ཡོད་པ་དང་། མེ་མདའ་བཟུང་བའི་ཉེན་རྟོག་པ་དང་དམག་དོན་མི་སྣས་བདེ་འཇགས་སྲུང་བཞིན་ཡོད། ལམ་འགྲམ་དུ་གཏོར་བརླག་ཐེབས་པའི་རླངས་འཁོར་དང་འཕྲུལ་རྟའི་ཆག་རོས་བཀང་ཡོད་པ་དང་། ཚོང་ཁང་མང་བོར་གཏོར་བརླག་ཐེབས་ཡོད་ལ་གཞན་ཡང་ཚོང་ཁང་མང་བོས་སྒོ་བརྒྱབ་ཡོད་པ་རེད། 

བསྒྲགས་པ་ལྟར་ན། རྒྱ་གར་སྲིད་གཞུང་གིས་སྡོད་ཁང་ལ་གཏོར་བརླག་ཐེབས་པའི་གནས་ཚུལ་གཞིར་བཟུང་སྟེ་རིམ་པ་མི་འདྲ་བའི་སྐྱིན་ཚབ་སྟེར་རྒྱུ་ཡིན་པ་དང་། མི་དར་མ་དང་ནར་སོན་མེད་པའི་འདས་པོ་རེའི་ཁྱིམ་མིར་སོ་སོར་རྒྱ་གར་གྱི་སྒོར་མོ་ས་ཡ་གཅིག་དང་རྒྱ་གར་གྱི་སྒོར་མོ་འབུམ་ལྔ་སྟེར་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།