ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་ལྷོ་ཕྱོགས་ས་ཁུལ་ནས་འགྲུལ་སྐྱེལ་མེ་འཁོར་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ་མི་སུམ་ཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200229102931QZpX.jpg

འདི་ནི་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཕཱ་ཁི་སི་ཐན་གྱི་ཞིན་ཏི་ཞིང་ཆེན་གྱི་སུའུ་ཁུའུ་ཨར་ས་ཁུལ་དུ་པར་བླངས་པའི་མེ་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་ཐོ་བརྒྱབ་པའི་ཡུལ་དངོས་ཀྱི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་ཞིན་ཏི་ཞིང་ཆེན་གྱི་སུའུ་ཁུའུ་ཨར་ས་ཁུལ་དུ་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་འགྲུལ་སྐྱེལ་མེ་འཁོར་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མིག་སྔར་མི་སུམ་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་ལ་རྨས་ཕོག་ཡོད་ཟེར། ཤི་རྨས་ཐེབས་མཁན་གྱི་གྲས་སུ་བུད་མེད་དང་བྱིས་པ་མང་བོ་ཡོད་ཟེར། 

དོན་རྐྱེན་བྱུང་རྗེས། ས་དེའི་མང་ཚོགས་དང་ཉེན་རྟོག་པ། རྒུད་སྐྱོབ་མི་སྣ་བཅས་མྱུར་མོར་ཡུལ་དངོས་སུ་འབྱོར་ནས་རྒུད་སྐྱོབ་བྱས་པ་དང་། རྨས་མ་དག་སྨན་ཁང་དུ་བསྐྱལ། སྔོག་བཤེར་བྱ་བ་མིག་སྔར་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།