ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་དང་འཇར་མན་གྱི་མགོ་ཁྲིད་པས་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་དང་འཇར་མན་གྱི་མགོ་ཁྲིད་པས་ཚེས་ཉེར་བདུན་ཉིན་སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་ནས་གྲོས་མོལ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་འདོད་ཡོད་པའི་ཚུལ་བསྟན། 

འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་ཡུན་མེད་ཨར་གྱིས་ཉིན་དེ་ནས་བཟུང་སུའུ་ཏན་ལ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས། སུའུ་ཏན་མཉམ་འབྲེལ་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་གྱིས་ཙུང་ཐུང་བཞུགས་ཤག་ནས་ཧྲི་ཐེ་ཡུན་མེད་ཨར་དང་གྲོས་མོལ་བྱས། 

པུའུ་ཨར་ཧན་གྱིས་གྲོས་མོལ་བྱས་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་འཇར་མན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་སུའུ་ཏན་ལ་རོགས་རམ་བྱས་ཏེ་མིག་སྔའི་འགྲན་རྩོད་སྣ་ཚོགས་ཁྱད་བསལ་བྱེད་དུ་བཅུག་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་འཇར་པན་གྱིས་སུའུ་ཏན་ལ་རྒྱབ་སྐྱོར་བྱས་ནས་ཞི་བདེ་མངོན་འགྱུར་བྱེད་པ་དང་མདུན་དུ་ལྷགས་པའི་དཔལ་འབྱོར་གྱི་འགྲན་རྩོད་ཐག་གཅོད་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

ཧྲི་ཐེ་ཡུན་མེད་ཨར་གྱིས་བསྟན་དོན། འཇར་མན་གྱིས་སུའུ་ཏན་གྱིས་ཨ་མེ་རི་ཁས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཏུ་ངོས་བཟུང་བའི་མིང་ཐོའི་ཁྲོད་ནས་རང་གི་མིང་འདོར་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།