དབྱི་ཐཱ་ལེའི་དམངས་སྲུང་སྡེ་ཁག་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་བཞི་བརྒྱར་འཕར་བ་དང་ནད་པ་གསུམ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་དྲུག་ཉིན་གྱི་དགོང་མོར། དབྱི་ཐཱ་ལེའི་དམངས་སྲུང་སྡེ་ཁག་གི་འགན་ཁུར་བ་པའོ་ལོས་ལེ་ཡིས་རྒྱུན་ལྡན་གྱི་རིམས་ནད་གནས་ཚུལ་ཁྱབ་སྒྲོག་བྱེད་སྐབས་བསྟན་དོན། ཚེས་ཉེར་དྲུག་ཉིན་གྱི་དགོང་མོའི་དུས་ཚོད་དྲུག་བར་དུ། དབྱི་ཐཱ་ལེ་རྒྱལ་ཁབ་ཏུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་བཞི་བརྒྱར་འཕར་བ་དང་། དེའི་ནང་ནད་པ་གསུམ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད། དྲག་སྐྱེད་བྱུང་བའི་ནད་པ་གཉིས་ནི་ཀྲུང་གོའི་ཝུའུ་ཧན་ནས་ཡོང་བའི་གནས་སྐོར་བ་ཡིན་པ་དང་། བཟའ་ཟླ་དེ་གཉིས་ནི་དབྱི་ཐཱ་ལེའི་ཆེས་ཐོག་མར་ངོས་འཛིན་བྱས་པའི་གློ་ཚད་བྱུང་བའི་ནད་པ་རེད། 

པའོ་ལོས་ལེ་ཡིས་བསྟན་དོན། ནད་པ་མང་ཆེ་བ་ཅུང་ཡང་མོ་ཡིན་པས། ཏོག་དབྱིབས་ནད་དུག་ཚད་ལེན་བྱས་པའི་མི་སྣ་ཕྱེད་ཀ་ཙམ་གྱིས་སྨན་ཁང་ནས་གསོ་བཅོས་བྱེད་པའི་དགོས་པ་མེད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།