ཀྲུང་གོ་བོད་ཀྱི་དྲ་བ།

ཕྱོགས་སོ་སོས་དབྱི་ལིང་གི་ཉིར་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལག་བསྟར་བྱེད་པར་འབད་འབུངས་བྱེད་དགོས་པ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་སྤྱི་ཁྱབ་ཟི་ཀྲང་རིམ་པའི་གྲོས་ཚོགས་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱ་ནས་བསྡུས་པ་དང་། ཕྱོགས་ཡོངས་ནས་གྲོས་མཐུན་ལག་བསྟར་བྱེད་པའི་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད་གོ་རིམ་རྗེས་མའི་འགུལ་སྐྱོད་ཐད་ནས་མཐུན་སྦྱོར་བྱས། 

གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་ལང་ལོང་སྒོས་ཀྲུང་གོས་རིམས་ནད་འགོག་བཅོས་བྱེད་སྐབས་སྤྱད་པའི་ནུས་ལྡན་བྱེད་ཐབས་ལ་གཟེངས་བསྟོད་བྱས་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་རིམས་འགོག་བྱེད་ཐབས་ཀྱིས་རྒྱལ་ཁབ་རང་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱས་པར་མ་ཟད། རིམས་ནད་དེ་ཕྱི་ཕྱོགས་སུ་མཆེད་པར་བཀག་འགོག་བྱེད་པའི་ཐད་བྱས་རྗེས་བཞག་པར་ཁས་ལེན་གང་ལེགས་བྱས། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་འབད་བརྩོན་འོག་ཏུ། ཀྲུང་གོའི་ཕྱོགས་ཀྱིས་སྔ་མོ་ནས་རིམས་ནད་འགོག་བཅོས་ཀྱི་རྒྱལ་ཁ་ལོན་པ་དང་། རིམས་ནད་ལས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ཐེབས་པའི་ཤུགས་རྐྱེན་ཇེ་དམའ་བའི་ཚད་དུ་གཏོང་ཐུབ་པར་ཡིད་ཆེས་ཡོད། ཕྱོགས་སོ་སོས་ངེས་པར་དུ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སྔ་མོ་ནས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་རིམས་ནད་འགོག་བཅོས་ཐུབ་པར་བརྩོན་ལེན་བྱེད་དགོས་ཟེར། 

གྲོས་ཚོགས་གྲོལ་རྗེས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ཁང་གི་དྲུང་ཡིག་ཆེན་མོ་ཧྲི་མུས་ཐི་ཡིས་ཀྲུའུ་ཞིའི་གསལ་སྒྲོག་སྤེལ། གསལ་སྒྲོག་ལས་བསྟན་དོན། ཕྱོགས་སོ་སོས་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལ་སྲུང་སྐྱོབ་བྱས་ཤིང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནས་བབ་ཞི་འཇགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་པ་དང་། ཧུར་ཐག་སྒོས་དབྱི་ལིང་ཕྱོགས་ཀྱི་དཔལ་འབྱོར་ཁེ་ཕན་ལ་འགན་སྲུང་དང་ཕྱོགས་ཡོངས་ནས་གྲོས་མཐུན་གྱི་ཁེ་དབང་སླར་གསོ་དང་འོས་འགན་འདྲ་མཉམ་ཡོང་བར་བྱེད་དགོས། དབྱི་ལིང་ཕྱོགས་ཀྱིས་ཉིང་རྡུལ་ནུས་པའི་ཁྱབ་ཁོངས་ཀྱི་དམ་བཅའ་ལག་བསྟར་བྱས་ཤིང་མུ་མཐུད་དུ་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་བར་གྱི་མཉམ་ལས་སྲུང་འཛིན་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།