ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་དབྱི་ལིང་དང་མཉམ་དུ་ཉིང་རྡུལ་ནུས་པའི་མཉམ་ལས་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་པུའུ་ཡཱ་ཁི་ཧྥུའུ་ཡིས་ཚེས་ཉེར་དྲུག་ཉིན་བསྟན་དོན། ཨུ་རུ་སི་ཡིས་དབྱི་ལིང་དང་མཉམ་དུ་ད་ལོའི་དཔྱིད་ཀར་ཉིང་རྡུལ་ནུས་པའི་མཉམ་ལས་ལ་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། 

ལི་པུའུ་ཡཱ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ནམ་རྒྱུན་དབྱི་ལིང་དང་མཉམ་དུ་ཉིང་རྡུལ་ནུས་པའི་མཉམ་ལས་ལ་གྲོས་མོལ་བྱེད་བཞིན་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་གནད་དོན་དེར་འཛེམ་དོགས་བྱེད་མི་སྲིད་ལ། འབྲེལ་ཡོད་གྲོས་མོལ་དེ་ཨུ་རུ་སིའི་རྒྱལ་ཁབ་ཀྱི་ཉིང་རྡུལ་ནུས་པའི་ཀུང་ཟི་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་བར་ཐད་ཀར་དུ་སྤེལ་བཞིན་ཡོད་ཟེར། 

ལི་པུའུ་ཡཱ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་གྲོས་མོལ་དེ་ཨུ་རུ་སི་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་མཉམ་ལས་ཁྱབ་ཁོངས་ཀྱི་ཕྱོགས་སོ་སོར་འབྲེལ་ཡོད་པ་དང་། དེའི་ནང་དབྱི་ལིང་གི་ཧྥུའུ་ཨར་ཏའོ་ཉིང་རྡུལ་འབར་རྫས་བཟོ་གྲྭའི་འཕེལ་སྟངས་བསྒྱུར་བའི་གནད་དོན་སོགས་འདུས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།