མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡེ་མིན་གྱི་ཞི་བདེ་དང་གཏན་འཇགས་ལ་འཇིགས་ཉེན་བཟོ་མཁན་གྱི་བཀག་སྡོམ་བྱེད་ཐབས་ཀྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་ལྔ་ཉིན་གྲོས་ཆོད་གཉིས་ལྔ་གཅིག་གཅིག་བཀོད་དེ། ཡེ་མིན་གྱི་ཞི་བདེ་དང་བདེ་འཇགས། གཏན་འཇགས་བཅས་ལ་འཇིགས་ཉེན་བཟོ་བ་དང་། ཆབ་སྲིད་བར་བརྒལ་ལ་བར་ཆད་བཟོ་བའི་མི་སྒེར་དང་ཚོགས་ཁག་གི་བཀག་སྡོམ་བྱེད་ཐབས་ཀྱི་ལག་བསྟར་ཡུན་ཚད་དེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་བར་ཇེ་རིང་དུ་བཏང་། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ལས་རྒྱལ་ཁབ་སོ་སོས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། ཡེ་མིན་གྱི་ཞི་བདེ་དང་བདེ་འཇགས། གཏན་འཇགས་བཅས་ལ་འཇིགས་ཉེན་བཟོ་བའི་བྱ་སྤྱོད་དང་། བྱ་སྤྱོད་དེ་དག་ལ་རྒྱབ་སྐྱོར་བྱེད་པའི་མི་སྒེར་དང་ཚོགས་ཁག་ལ་མུ་མཐུད་དུ་མ་དངུལ་བཀག་ཉར་དང་གནས་སྐོར་གཏན་འགོག མཚོན་ཆའི་སྐྱེལ་འདྲེན་གཏན་འགོག་སོགས་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་། 

གྲོས་ཆོད་འཆར་ཟིན་དེ་ནི་དབྱིན་ཇི་ཡིས་སྤྲད་པ་དང་། མཇུག་མཐར་འདེམ་ཤོག་བཅུ་གསུམ་ཡིད་འཐད་བྱུང་བ་དང་། ཀྲུང་གོ་དང་ཨུ་རུ་སི་ཡིས་འདེམ་ཤོག་འཕེན་པའི་དབང་ཆ་བསྐྱུར་བ་རེད། 

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ནེ་པེན་ཅཱ་ཡིས་ཉིན་དེར་བརྡས་ཐག་བཅད་རྗེས་གཏམ་བཤད་སྤེལ་ཏེ། ཨུ་རུ་སི་ཡིས་གྲོས་ཆོད་དེ་ནི་དོ་མཉམ་པའི་མ་ཡིག་ཅིག་ཏུ་བསམ་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་སྟོབས་ཤུགས་གཅིག་ཏུ་དྲིལ་ནས་ཡེ་མིན་གྱི་ཉམས་ཉེན་ཐག་གཅོད་བྱེད་པ་ལས་ཕན་ཚུན་ལ་སྐྱོན་འཛུགས་བྱེད་མི་རུང་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།