ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ཅེ་ཧཱ་ཏིའི་དམག་དོན་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས་ཉེར་བཞི་ཉིན་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་ཡོད་པའི་ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏིའི་དམག་དོན་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས། མིག་སྔར་བར་སྣང་འཇབ་རྒོལ་དེ་ལས་མི་སྣ་ཤི་རྨས་བཟོས་ཡོད་མིན་གསལ་བོར་མི་ཤེས་ཟེར། 

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཅེ་ཧཱ་ཏིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ལྷ་མཁར་སྟོང་ཤོག་གི་དམིགས་འབེན་ཞིག་ལ་འཕུར་མདའ་འགའ་གཏོང་འཕེན་བྱས། འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་པ་དང་དེའི་རྗེས་སུ་དུད་ནག་ཆེན་འཕྱུར་བཞིན་ཡོད་ཟེར། 

ཕཱ་ལེ་སི་ཐན་གྱི་བདེ་འཇགས་མི་སྣས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཆམ་ཕབ་བཏང་བའི་དམིགས་འབེན་ནི་ཅེ་ཧཱ་ཏིའི་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་ཉེ་འདབས་སུ་ཡོད་པའི་ས་འོག་སྒྲིག་ཆས་ཡིན་པ་དང་། སྒྲིག་ཆས་དེ་དག་རྩ་འཛུགས་དེས་བཟོས་པའི་མེ་ཤུགས་འཕུར་མདའི་རྒྱུ་ཆ་གསོག་ཉར་བྱེད་སར་བཀོལ་བཞིན་ཡོད་ཟེར། 

དེ་ནི་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་གཉིས་པར་ཅཱ་ཧྲ་ས་ཁུལ་གྱི་ཅེ་ཧཱ་ཏིའི་དམག་དོན་དམིགས་འབེན་ལ་ཆམ་ཕབ་བཏང་བ་རེད། ཟླ་འདིའི་ཚེས་ཉེར་གསུམ་ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དབྱི་སི་རལ་གྱིས་ལས་པའི་བར་གྱང་ཡོད་སར་འགད་རྫས་སྒྲིག་སྦྱོར་བྱེད་རྩིས་ཡོད་པའི་ཅེ་ཧཱ་ཏིའི་མི་སྣ་ཞིག་བསད། ཅེ་ཧཱ་ཏི་ཡིས་དེའི་རྗེས་སུ་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་དུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་ཏེ་རྒོལ་ལན་སྤྲད་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་འཐབ་འཛིང་གནམ་གྲུ་མངག་ནས་ཅེ་ཧཱ་ཏིའི་དམག་དོན་དམིགས་འབེན་ལ་ཆམ་ཕབ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།