ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཀྱིས་དབྱི་སི་རལ་བར་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་ཡིས་ཚེས་ཉེར་བཞིའི་ཉིན་བསྟན་དོན། རྩ་འཛུགས་དེ་དང་དབྱི་སི་རལ་གྱིས་ཉིན་དེའི་དགོང་མོ་ནས་བཟུང་ཅཱ་ཧྲ་ས་ཁུལ་ནས་འཁྲུག་རྩོད་མཚམས་བཞག་ཟེར། ཡིན་ཡང་དབྱི་སི་རལ་ཕྱོགས་ཀྱིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 

ལེ་པཱ་ནུན་གྱི་ཅེ་ཧཱ་ཏིའི་མཐོ་རིམ་དཔོན་པོ་ཨ་ཐཱ་ཡཱ་ཡིས་ཉིན་དེར་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བར་འདུམ་བྱས་པ་བརྒྱུད། ཅེ་ཧཱ་ཏི་དང་དབྱི་སི་རལ་གྱིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་ནས་བཟུང་ཅཱ་ཧྲ་ས་ཁུལ་དུ་འཁྲུག་རྩོད་མཚམས་བཞག་ཡོད་ཟེར། ཁོས་བཤད་རྒྱུར། ཅེ་ཧཱ་ཏི་ཡི་འཁྲུག་རྩོད་མཚམས་འཇོག་པ་དང་འགལ་བའི་གནས་ཚུལ་གང་རུང་ལ་རྒོལ་ལན་སྤྲོད་ངེས་ཡིན་ཟེར། 

ཅེ་ཧཱ་ཏིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ལྷ་མཁར་སྟོང་ཤོག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉེ་སྔོན་ཅཱ་ཧྲ་ས་ཁུལ་ནས་ལྷ་མཁར་སྟོང་ཤོག་གི་དྲག་ཆས་མི་སྣ་གཅིག་བསད་པ་དང་། སི་རི་ཡཱ་ནས་ལྷ་མཁར་སྟོང་ཤོག་གི་དྲག་ཆས་མི་སྣ་གཉིས་བསད་པའི་གནད་དོན་ཐད་ནས་ལྷ་མཁར་སྟོང་ཤོག་གིས་དམག་དོན་རྒོལ་ལན་སྤྲད་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།