ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི་མཚོ་དམག་གི་མུས་ཀི—29Kརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་སར་ལྷུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་མཚོ་དམག་གིས་ཚེས་ཉེར་གསུམ་ཉིན་བདེན་དཔང་བྱས་དོན། མུས་ཀི—29Kརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་ཉིན་དེར་རྒྱ་གར་ནུབ་ཕྱོགས་ཀྱི་གོ་ཨ་པང་ནས་སར་ལྷུང་ཟེར། 

རྒྱ་གར་མཚོ་དམག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དོན་རྐྱེན་དེ་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་དང་ཕྱེད་ཀ་ཡས་མས་སུ་བྱུང་བ་དང་། མུས་ཀི—29Kརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་གོ་ཨ་པང་ལྷོ་ངོས་ཀྱི་ཧན་སཱ་རྟེན་གཞི་ནས་འཕུར་ཏེ་རྒྱུན་ལྡན་གྱི་སྦྱོང་བརྡར་ལས་འགན་ལག་བསྟར་བྱས། དེའི་རྗེས་སུ་ལག་རྩལ་གྱི་སྐྱོན་བྱུང་སྟེ་སར་ལྷུང་བ་རེད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། གནམ་གྲུའི་ཁ་ལོ་བས་མཆོང་གདུགས་བཀོལ་ཏེ་སྲོག་ཉེན་ལས་ཐར་བ་དང་མི་སྣར་ཤི་རྨས་བཟོས་མེད་ཟེར། མཚོ་དམག་གིས་བཀའ་རྒྱ་བཏང་སྟེ་གནམ་གྲུ་སར་ལྷུང་བའི་བྱེ་བྲག་གི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།