ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀིའི་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་སྤྱི་རྒྱ་ལྔ་བརྒྱ་དང་གྱ་དགུ་རྩད་ཆོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ལོ་ཀི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཚེས་ཉེར་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། མའོ་ལོ་ཀིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཨ་ཅཱ་ཏིས་ཨར་ཉེ་འདབས་ས་ཁུལ་ནས་དུག་རྫས་སྤྱི་རྒྱ་ལྔ་བརྒྱ་དང་གྱ་དགུ་རྩད་ཆོད་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། དུག་རྫས་དེ་དག་ཨ་ཅཱ་ཏིས་ཨར་གྲོང་ཁྱེར་ཉེ་འདབས་ཀྱི་བཟོ་ལས་ར་བ་ཞིག་གི་དངོས་སྐྱེལ་རླངས་འཁོར་ཞིག་གི་སྟེང་དུ་སྦས་ཡོད་པ་དང་། ཕྱི་རྒྱལ་དུ་ལྐོག་འདྲེན་བྱེད་པའི་འཆར་གཞི་ཡོད་པ་རེད། 

སྤྱི་སྒྲོག་ལས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་འགུལ་སྐྱོད་སྤེལ་སྐབས་ལོ་ཞེ་དགུ་ཅན་གྱི་དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་འཛིན་བཟུང་བྱས་པ་དང་། དོགས་ཡོད་ཉེས་ཅན་དེས་སྔོན་ཆད་ནག་ཉེས་བཟོས་པའི་ལོ་རྒྱུས་ཡོད། མའོ་ལོ་ཀིའི་ཁྲིམས་འཛིན་སྡེ་ཁག་གིས་དོན་དེར་རྟོག་ཞིབ་གསལ་བོ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།