ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་ཧུའུ་སེ་དྲག་ཆས་པའི་མཚོ་ཐོག་གི་འཇབ་རྒོལ་གཡོ་ཇུས་ཕམ་ཉེས་སུ་བཏང་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་འགད་རྫས་དྲུད་པའི་གྲུ་གཟིངས་ཤིག་གིས་མཚོ་དམར་ནས་འཇབ་རྒོལ་དོན་རྐྱེན་བཟོ་བའི་གཡོ་ཇུས་ཕམ་ཉེས་སུ་བཏང་ཡོད་ཟེར། 

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་ཐུའུ་ཨར་ཅི་ཡིས་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མཚོ་དམག་དམག་དཔུང་གིས་ཉིན་དེའི་ཞོགས་པར་མཚོ་དམར་ལྷོ་ངོས་སུ་ཡེ་མིན་གྱི་ཧི་ཐེ་ཏཱ་ཞིང་ཆེན་ནས་ལམ་དུ་ཆས་པའི་འགད་རྫས་དྲུད་པའི་གྲུ་གཟིངས་ཤིག་རྩད་ཆོད་པ་དང་། ཧུའུ་སེ་དྲག་ཆས་པས་རྒྱང་བསྒྱུར་ལ་བརྟེན་ནས་འགས་གཏོར་གཏོང་རྩིས་ཡོད་ཀྱང་། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་དུས་ལྟར་གྲུ་གཟིངས་དེ་བཀག་ནས་མེད་པར་བཏང་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།