ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་གིས་ས་འོག་འགད་རྫས་སྟོང་གཅིག་དང་ལྔ་བརྒྱ་འགས་གཏོར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཡེ་མིན་གྱི་མཚོ་དམར་འགྲམ་གྱི་ཧི་ཐེ་ཏཱ་གྲོང་ཁྱེར་ཉེ་འདབས་ཀྱི་མཚོ་འགྲམ་ས་ཁུལ་ནས་ཧུའུ་སེ་དྲག་ཆས་པས་སྦས་པའི་ས་འོག་འགད་རྫས་སྟོང་གཅིག་དང་ལྔ་བརྒྱ་འགས་གཏོར་བཏང་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། འགས་གཏོར་བཏང་བའི་ས་འོག་འགད་རྫས་དེ་དག་ནི་སྲིད་གཞུང་དམག་དཔུང་གི་ས་འོག་འགད་རྫས་གཙང་བཤེར་ཆེད་མཁས་པས་དེའི་སྔོན་ཧི་ཐེ་ཏཱ་གྲོང་ཁྱེར་གྱི་སྡོད་ཁུལ་རེ་འགའ་ནས་རྙེད་དེ་གཏོར་ལེན་བྱས་པ་ཡིན་ལ། ས་འོག་འགད་རྫས་གཙང་བཤེར་ཆེད་མཁས་པས་མུ་མཐུད་དུ་ས་ཁུལ་དེར་ས་འོག་འགད་རྫས་གཙང་བཤེར་བྱེད་པའི་ལས་འགན་ལག་བསྟར་བྱེད་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།