ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་རྒྱལ་སྤྱིའི་གཏེར་ལས་འགྲེམ་སྟོན་ཚོགས་འདུ་སྐབས་ལྔ་བ་ཁཱ་ཐུའུ་མུའུ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་རྒྱལ་སྤྱིའི་གཏེར་ལས་འགྲེམ་སྟོན་ཚོགས་འདུ་སྐབས་ལྔ་བ་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུའི་བར་ཁཱ་ཐུའུ་མུའུ་ནས་སྤེལ། ཐེངས་འདིའི་འགྲེམ་སྟོན་ནི་སུའུ་ཏན་གྱིས་རྒྱལ་ཁབ་རང་གི་གཏེར་ལས་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་རེད། 

མཚམས་སྦྱོར་བྱས་པ་ལྟར་ན། སུའུ་ཏན་གྱི་རྒྱལ་སྤྱིའི་གཏེར་ལས་འགྲེམ་སྟོན་ཚོགས་འདུ་ནི་སུའུ་ཏན་གྱི་ནུས་ཁུངས་དང་གཏེར་ཐོན་པུའུ་ཡིས་གཙོ་སྒྲུབ་བྱས་པའི་རྒྱལ་ཁབ་ཀྱི་རིམ་པ་ཆེས་མཐོ་བའི་གཏེར་ལས་འགྲེམ་སྟོན་ཚོགས་འདུ་ཞིག་ཡིན་པ་དང་། རྒྱལ་སྤྱི་དང་ས་ཁུལ་དུ་ཤུགས་རྐྱེན་ངེས་ཅན་ལྡན། སྐབས་འདིའི་འགྲེམ་སྟོན་ཚོགས་འདུར་བསྡོམས་པས་ཀྲུང་གོ་དང་ཨུ་རུ་སི། དབྱིན་ཇི། ཁཱ་ནཱ་ཏཱ། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་བཅུ་གསུམ་གྱི་གཏེར་ཐོན་ཁེ་ལས་ང་ལྔ་ནང་འགུག་བྱས་ཡོད་ལ། སུའུ་ཏན་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་གཏེར་ལས་ཀུང་ཟི། དངུལ་གཏོང་མཁན། ཆེད་ལས་མི་སྣ་བཅས་ཀྱི་བར་དུ་ཚོང་ར་གསར་འབྱེད་དང་ཐོན་རྫས་དྲིལ་སྒྲོག བརྗེ་རེས་མཉམ་ལས་བཅས་བྱེད་པའི་སྟེགས་བུ་ཞིག་བསྐྲུན་ཡོད། 

སུའུ་ཏན་གྱི་བདག་དབང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཞི་ཏིས་ཁི་དང་ནུས་ཁུངས་དང་གཏེར་ལས་པུའུ་ཡི་པུའུ་ཀྲང་དབྱེ་པུའུ་ལཱ་ཞིན། རྒྱལ་ཁབ་ས་གཤིས་ཅུའུ་ཡི་ཅུའུ་ཀྲང་སུའུ་ལའེ་མན། དེ་མིན་སུའུ་ཏན་དུ་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོའི་འཐུས་མི་སོགས་མགོ་རྩོམ་པའི་མཛད་སྒོར་ཞུགས། ཚོགས་འདུ་ནས་བསྟན་དོན། གཏེར་ལས་ནི་སུའུ་ཏན་རྒྱལ་དམངས་དཔལ་འབྱོར་གྱི་ཐོན་ལས་གཙོ་བོ་ཞིག་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་ལེགས་བཅོས་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། སུའུ་ཏན་ཕྱོགས་ཀྱིས་རྒྱལ་ཁབ་གཞན་པའི་གཏེར་ལས་འཕེལ་རྒྱས་སུ་བཏང་བའི་ཉམས་མྱོང་བཟང་བོར་སློབ་སྦྱོང་བྱས་ཏེ་ནུས་ཁུངས་གཏེར་ལས་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་འདོད་ཡོད་པ་དང་། རྒྱལ་ཁབ་སོ་སོས་སུའུ་ཏན་གྱི་གཏེར་ལས་ཐད་ཀྱི་དངུལ་གཏོང་ལ་ཤུགས་སྣོན་བྱས་ནས་གཉིས་ཕན་མཉམ་ལས་མང་དུ་སྤེལ་བར་དགའ་བསུ་ཞུ་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།