ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཧྥ་རན་སི། འཇར་མན་བཅས་ཀྱི་མགོ་ཁྲིད་པས་སི་རི་ཡཱ་སོགས་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་བཅས་ཀྱིས་ཚེས་ཉི་ཤུ་ཉིན་ཁ་པར་བརྒྱུད་དེ་སི་རི་ཡཱའི་གནད་དོན་དང་ལི་པུ་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། ཐལ་སྤྱོད་རྩ་འཛུགས་ཀྱི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་ལས་དབྱེ་ཏི་ལེ་པུའུ་ཡི་གནས་བབ་མངོན་གསལ་གྱིས་ཇེ་སྡུག་ཏུ་སོང་བར་གཞིགས་ཏེ། ཐེངས་འདིའི་ཕྱོགས་གསུམ་གྱི་གྲོས་མོལ་དེ་གཙོ་བོ་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་གཞོལ་ཡོད་པ་དང་། མིག་སྔའི་གནས་བབ་ལས་མི་སེར་དཀྱུས་མར་མི་ཆོས་རིང་ལུགས་ཀྱི་མཇུག་འབྲས་ངན་པ་བཟོ་མི་རུང་བ་ནན་བཤད་བྱས་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཕུའུ་ཅིན་གྱིས་ངེས་པར་དུ་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱས་ཏེ། ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་མེད་པར་གཏོང་དགོས་པ་ནན་བཤད་བྱས། མཱ་ཁི་ལུང་དང་མའོ་ཁི་ཨར་གྱིས་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་རོགས་རམ་བྱེད་འདོད་ཡོད་ཟེར། 

ལི་པུ་ཡཱའི་གནད་དོན་གླེང་སྐབས། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ལི་པུ་ཡཱའི་གནད་དོན་གྱི་པའོ་ལིན་མཐོ་རིམ་གྲོས་ཚོགས་སྟེང་གི་འཁྲུག་རྩོད་མཚམས་འཇོག་པ་དང་ཆབ་སྲིད་གྲོས་མོལ་སླར་གསོ་བྱེད་པར་འབྲེལ་བའི་ཆོད་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།