ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ཨ་ལེ་ཕའོ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་འཁོར་སྐྱོད་སླར་གསོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

 ཟླ་གཉིས་པའི་ཚེས་བཅུ་དགུའི་ཉིན། སི་རི་ཡཱའི་ཏཱ་མཱ་ཧྲི་ཀི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ། གནམ་གྲུའི་ཁ་ལོ་བ་ཞིག་གིས་སི་རི་ཡཱའི་རྒྱལ་དར་གཡུག་གཡུག་བྱེད་བཞིན་པ། 

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཐབ་འཁྲུག་དབང་གིས་ལོ་མང་བོར་སྒོ་བརྒྱབ་རྗེས། སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་རུ་ཡོད་པའི་རྒྱལ་སྤྱིའི་གནམ་གྲུ་ཐང་ཚེས་བཅུ་དགུའི་ཉིན་འཁོར་སྐྱོད་སླར་གསོ་བྱས་ཏེ་གནམ་གྲུ་གཏོང་མགོ་བརྩམས། 

འགྲུལ་བ་གང་དྲུད་པའི་སི་རི་ཡཱའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་རྒྱལ་ས་ཏཱ་མཱ་ཧྲི་ཀི་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་བ་དང་། ཨ་ལེ་པའོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བབས། སི་རི་ཡཱའི་འགྲིམ་འགྲུལ་བློན་ཆེན་ཧཱ་མུའུ་ཏི་ཡིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨ་ལེ་ཕའོ་རྒྱལ་སྤྱིའི་གནམ་གྲུ་ཐང་ཡང་བསྐྱར་བེད་སྤྱོད་བྱས་པ་དང་། གནམ་གྲུ་ཐང་དེའི་རྒྱལ་ནང་དང་རྒྱལ་སྤྱིའི་གནམ་གྲུའི་གཏོང་ཐེངས་སླར་གསོ་བྱས་པ་ནི་སི་རི་ཡཱའི་དམག་དཔུང་དང་མི་དམངས་ཀྱིས་བླངས་པའི་རྒྱལ་ཁ་ཆེན་པོ་ཞིག་རེད་ཟེར། ཁོས་བཤད་རྒྱུར། ལས་མཚམས་མ་བཞག་གོང་ཨ་ལེ་ཕའོ་རྒྱལ་སྤྱིའི་གནམ་གྲུའི་ཐང་གིས་ལོ་རེར་འགྲུལ་བ་ས་ཡ་གཉིས་ལྷག་སྐྱེལ་འདྲེན་བྱེད་བཞིན་ཡོད་ཟེར། 

སི་རི་ཡཱའི་འགྲིམ་འགྲུལ་པུའུ་ཡིས་ཚེས་བཅུ་བདུན་ཉིན་ཨ་ལེ་ཕའོ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་འཁོར་སྐྱོད་སླར་གསོ་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཨ་ལེ་ཕའོ་དང་ཏཱ་མཱ་ཧྲི་ཀིའི་བར་གྱི་ཐད་གཏོང་གནམ་གྲུ་སླར་གསོ་བྱས་རྗེས། ཨ་ལེ་འཕོ་ནས་ཨེ་ཅིབ་ཁེ་རོ་བར་གྱི་གནམ་གྲུ་ཡང་ཉེ་སྔོན་གཏོང་བའི་འཆར་གཞི་ཡོད་ཟེར། 

ཨ་ལེ་ཕའོ་ནི་སྔོན་ཆད་སི་རི་ཡཱའི་གྲོང་ཁྱེར་ཆེས་ཆེན་པོ་དང་དཔལ་འབྱོར་གྱི་ལྟེ་གནས་ཡིན་ཞིང་། ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ཉམས་ཉེན་བྱུང་རྗེས། ཨ་ལེ་ཕའོ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ལས་མཚམས་བཞག་ནས་སྒོ་བརྒྱབ་པ་རེད། ནང་འཁྲུག་བྱེད་པའི་སྐབས་སུ་སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་ངོ་རྒོལ་ཕྱོགས་ཁག་གིས་སོ་སོར་ཨ་ལེ་ཕའོ་གྲོང་ཁྱེར་གྱི་ས་ཁུལ་མི་འདྲ་བ་བདག་གིར་བཟུང་ཡོད། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚུན་ལ། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་དབྱེ་ཏི་ལེ་པུའུ་ཞིང་ཆེན་དང་ཨ་ལེ་ཕའོ་ཞིང་ཆེན་གྱི་དྲག་ཆས་པར་སྐོར་ཐེངས་གསར་བའི་དམག་དོན་འགུལ་སྐྱོད་སྤེལ་ཏེ། དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་ཤར་ཕྱོགས་དང་ཨ་ལེ་ཕའོ་ཞིང་ཆེན་གྱི་ནུབ་ཕྱོགས། ནུབ་བྱང་ཕྱོགས་ཀྱི་ས་ཁུལ་རྒྱ་ཆེན་པོ་ཕྱིར་འཕྲོག་ལེན་བྱས། ཟླ་འདིའི་ཚེས་བཅུ་བཞིའི་ཉིན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཏཱ་མཱ་ཧྲི་ཀི་དང་ཨ་ལེ་ཕའོ་བར་གྱི་གཞུང་ལམ་ཕྱོགས་ཡོངས་ནས་ཚོད་འཛིན་བྱས་པ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།