ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་ཐུར་ཁེ་དང་ཨུ་རུ་སི་ཡིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་གནད་དོན་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཀོད་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ཐུར་ཁེ་ཡིས་ཨུ་རུ་སི་ཡིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་གནད་དོན་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཀོད་མེད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ཐུར་ཁེའི་གྲོས་ཁང་ནས་བཤད་རྒྱུར། ཐུར་ཁེ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པས་ཚེས་བཅུ་བདུན་དང་ཚེས་བཅོ་བརྒྱད་ཉིན་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁི་ནས་གྲོས་མོལ་བྱས་པ་དང་། དམིགས་ཡུལ་ནི་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱེ་ཏི་ལེ་པུའུ་ཡི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་ཆེད་ཡིན་ཡང་། ཕྱོགས་གཉིས་ཀྱིས་ཐུན་མོང་གི་ལྟ་ཚུལ་གང་ཡང་བཀོད་མེད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། ཐུར་ཁེ་དང་ཨུ་རུ་སི་ཡིས་དབྱེ་ཏི་ལེ་པུའུ་གནད་དོན་ཐད་ཀྱི་ལྟ་ཚུལ་ལ་ཁྱད་པར་ཧ་ཅང་ཆེ་ཡང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་གནད་དོན་དེར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བཤད་རྒྱུར། གལ་ཏེ་སི་རི་ཡཱའི་སྲིད་གཞུང་གིས་ཟླ་གཉིས་པའི་ཟླ་མཇུག་གི་སྔོན་ལ་དམག་དཔུང་ཕྱིར་འཐེན་མ་བྱས་ན། ཐུར་ཁེ་ཡིས་དབྱེ་ཏི་ལེ་པུའུ་ཞིང་ཆེན་ནས་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།